| | e-texts navigator
|
256b1 པའི་སེམས་ཐོབ་ནས་སེམས་སྒྱུ་མར་སྤྲུལ་པ་མེད་དོ།།སྒྱུ་མའང་མེད་དོ།།སྤྲུལ་པའང་མེད་ན་གདོད་སྐྱེ་བ་མེད་པ་ཐོབ་བོ།།སྐྱེ་བ་མེད་པའི་སེམས་ནི་སྤྲུལ་པ་མེད་པར་གནས
256b2 སོ།།གྲོལུ་ཐར་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གློ་སོལ་པ།བཙུན་པ་སེམས་ཅན་གྱི་སེམས་ཀྱི་ངོ་བོ་ཉིད་ཕྱི་མོ་ནོས་སྦྱོང་ཞིང་མི་གྲོལའོ།།སྟོང་ཞིང་མི་གཡོ་བའི
256b3 སེམས་ནི་ཡིད་ལོ་གཟུགས་དང་མཚན་མ་མཆིས་ན།ཇི་ལྟར་སྤྱད་སྦྱངས་ན་ཕྱི་མོའི་སེམས་སྟོང་པ་ཐོབ་པར་རུང་བ་སྤོངས་རྒྱས་ཀྱི་བྱམས་པའི་ཐུགས་དང་བདྲག་ལ་དགྲོལ
256b4 ཞིང་བཤུད་པར་བསྟན་ཏོ།།སངས་རྒྱས་ཀྱིས་གསུངས་པ།བྱང་ཆུབ་སེམས་དཔའ་སེམས་སོ་ཅོག་གི་མཚན་མ་ནི་ཕྱི་མོ་ནས་ཕྱི་མ་མེད་དོ།།ཕྱི་མོ་ནས་ཕྱེ་མའི་གྲནས་མེད
256b5 དེ་སྟོང་ཞིང་མི་གཡོ་ལ་སྐྱེ་བ་མེད་དོ།།སེམས་ལ་སྐྱེ་བ་མེད་ན་གདོད་སྟོང་པ་མི་གཡོ་བར་ཞུགས་པའོ།།སྟོང་པ་མོ་གཡོ་བའི་སེམས་ཀྱིས་ནོས་སྐྱེས་བུ་མེད་བཞིན་སེམས
256b6 སྟོང་པ་ཐོབ་བོ།།པོ་དགེ་བོ་མཚན་མ་མེད་པའི་སེམས་ལ་ནི་སེམས་ཀྱང་མེད།ང་ཡང་མེད་ཆོས་སོ་ཅོག་གི་མཚན་མ་ནི་དེ་དང་མཚུངས་སོ།།གྲོལ་ཐར་བྱང་ཆུབ་སེམས
256b7 དཔས་སངས་རྒྱས་ལ་གསོལ་པ།བཙུན་པ་སེམས་ཐམས་ཅད་ལ་ང་ཡོད་པ་དང་སེམས་ཡོད་པ་ཆོས་གང་སྤྱད་པས་ཚོར་ཏེ།སེམས་ཅན་དེ་དག་བཅིངས་པ་འདི་ལས
iiif viewer powered by OpenSeadragon
256a - 257a