e-texts navigator
Collection
Volume
Page
Wylie

254b1 དང་།བྱང་ཆུབ་སེམས་དཔའ་སེམས་ཀྱི་རྒྱལ་པོ་དང་།བྱང་ཆུབ་སེམས་དཔའ་ཆགས་མེད་དང་།བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ལ་སོགས་པའི་བྱང་ཆུབ་སེམས་དཔའ
254b2 དང་།ཡང་ཡ་རབས་ཀྱི་མི་བརྒྱད་ཐོ་སྲོད་པ་དང་ལྷན་ཅིག་སྟེ།དེའི་མིང་ལ་ཡ་རབས་ཚངས་པར་སྤྱོད་པ་དང་།ཡ་རླབས་ཚངས་པར་སྤྱོད་པ་ཆེན་པོ་ཡི་དང་ནུ་དེ་དང
254b3 དེ་ལྟ་བུ་ལ་སོགས་པ་དང་ཡང་ལྷན་ཅིག་ལྷ་དང་།གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་།ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོའི་ཕྱེ་ཆེན་པོ་དང་།མི་དང་མི་མ
254b4 ཡིན་པ་ལ་སོགས་པ་འབུམ་ཁྲི་ཕྲག་དྲུག་ཅུ་ཡོད་དེ།དེ་ཡི་ཙུན་མོ་ཕལ་མང་པོས་འཁོར་བར་བསྐོར་ནས་ཕལ་མང་པོ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་མིང་རོ་གཅིག
254b5 པཱ་ཡང་དྲག་པའི་བདྲེན་པ།མཚན་མ་མེད་པ།སྐྱེ་བ་མེད་པ།བདེན་པ་མི་འགྱུར་བའི་དབྱིངས་ཕྱི་མོ་འཚོར་བ་སྤྱོད་པ་བཤད་དོ།།ལ་ལ་ཞིག་གིས་ཡི་གེ་འདི་ཐོས་ཏེ
254b6 ཚིག་བཞི་ལེའུ་གཅིག་པ་ཡུན་ཅད་མནོས་ཏེ་གཟུངས་སུ་བཟུང་བའི་མི་དེས་སངསུ་རྒྱས་ཀྱི་ཡེ་ཤེས་ཀྱི་ས་བཆུད་ཅེས་བྱའོ།།ཐབས་སྤྱད་དེ་སེམས་ཅན་ལ་བསྟན་བསླབས
254b7 ནས་སེམས་ཅན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་བྱ་ནུས་སོ།།སངས་རྒྱས་ཀྱི་ཡི་གེ་བཤད་ཟིན་ནས།རྒྱལ་མ་ཀྲུང་དུ་བཞུགས་ནས་མོད་བཞིན་རྡོ་རྗེའི་ཏིང་ངེ་འཛིན་དུ




iiif viewer powered by OpenSeadragon

254a - 255a

Texts on this page

N123 - rdo rje'i ting nge 'dzin gyi chos kyi rnam grangs yi ge