e-texts navigator
Collection
Volume
Page
Wylie

277b1 དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདིའང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གན་ནས་ཐོས་པ་དང་།དེ་དག་གིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་མཆོད་པ
277b2 དང་།དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཆོས་བསྟན་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་པ་དང་།ཆོས་ཀྱི་རྣམ་གྲངས་འདི་ལ་རྗེས་སུ་ཡི་རང་བ་དང་།དེ་བཞིན་གཤེགས
277b3 པ་ཤཱཀྱ་ཐུབ་པས་དེ་དག་གི་སྤྱི་བོར་ཕྱག་བཞག་པ་དང་།དེ་དག་གི་སྲ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཆོས་གོས་ཀྱིས་གཡོགས་པར་རིག་པར་བྱའོ།།ཀུན་ཏུ་བཟང
277b4 པོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག།དེ་བཞིན་གཤེགས་པའི་བསྟན་པ་འཛིན་པར་རིག་པར་བྱའོ།།དེ་དག་འཇིག་རྟེན་རྒྱང་པན་པ་ལ་དགའ་བར་མི་འགྱུར་རོ།།།
277b5 དེ་དག་སྙན་དང་གསལ་ཞུགས་པའི་སེམས་ཅན་རྣམས་ལ་དགའ་བར་མི་འགྱུར་རོ།།དེ་དག་གར་བྱེད་པ་དང་རོལ་མོ་བྱེད་པ་དང་གྱད་དང་ཤ་འཚོང་བ་དྲང་བ་ཤན་པ་དང
277b6 བྱཱབྱ་གག་འཚང་བ་དང་ཕག་འཚོང་བ་དང་བུད་མེད་དགྲ་གསོ་བའི་སེམས་ཅན་རྣམས་ལ་དགའ་བྱོར་མྱི་འགྱུར་རོ།།མདོ་སྡེ་འདི་ལྟ་བུ་ཐོས་པ་དང་ཡི་གེར་བྲིས་པ་དང་།
277b7 འཛིན་པ་དང་ཀླགས་པ་དེ་དག་གཞན་ལ་སྲེད་པར་མི་འགྱུར་རོ།།སེམས་ཅན་དེ་དག་ཆོས་ཀྱི་ངོ་བོ་ཉིད་དང་ལྡན་པར་འགྱུར་རོ།།དེ་དག་སོ་སོའི་བདག་ཉིད་ཚུལ




iiif viewer powered by OpenSeadragon

277a - 278a

Texts on this page

N101 - dam pa'i chos pad ma dkar po zhes bya ba theg pa chen po'i mdo