| | e-texts navigator
|
277a1 ལྟ་ལགས་པས།རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་མཁས་པས་དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་བཟུང་བར་བགྱིས་ཏེ།དེ་དག་གི
277a2 ཡོན་ཏན་གྱི་ཕན་ཡིན་འདི་སྙེད་དུ་འགྱུར་རོ།།བཅོམ་ལྡན་འདས་དེ་ལྟ་ལགས་པས།ཅི་ནས་བདག་གི་བྱིན་གྱི་རླབས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཛམྦུའི་གླིང་འདི་ན་སྤྱོད་པར
277a3 འགྱུར་བར་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་པར་བགྱིའོ།།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས
277a4 པའི་སངས་རྒྱས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཀུན་ཏུ་བཟང་པོ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞུགས་པ་དང་།།
277a5 འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་དང་ལྡན་ཞིང་སྙིང་རྗེ་ཆེན་པོས་ཐིམ་པའི་ལྷག་པའི་བསམ་པ་དང་།བསམ་གྱིས་མི་ཁྱབ་པས་ཟིན་པའི་སེམས་བསྐྱེད་པས།།
277a6 ཁྱོད་ཀྱིས་ཆོས་སྨྲ་བ་དེ་དག་ལ་བྱིན་གྱིས་རློབ་པ་བྱེད་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ།།རིགས་ཀྱི་བུ་གང་ལ་ལ་དག་བྱང་ཆུབ་སེམས་དཔའ་སེ་མོས་དཔའ
277a7 ཆེན་པོ་ཀུན་ཏུ་བཟང་པོའི་མིང་འཛིན་པ་དེ་དག་གིས།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་མཐོང་བ་དང་།
iiif viewer powered by OpenSeadragon
276b - 277b