| | e-texts navigator
|
275b1 བགྱིའོ།།ཆད་པ་སྤང་བར་བགྱིའོ།།དུག་གཞིལ་བར་བགྱིའོ།།བཅོམ་ལྡན་འདས་ཆོས་སྨྲ་བ་དེ་དག་ལ་བདག་གིས་གཟུངས་སྔགས་ཀྱི་ཚིག་འདི་དག་སྩལ་བར་བགྱིའོ།།བཅོམ
275b2 ལྡན་འདས་གཟུངས་སྔགས་ཀྱི་ཚིག་འདི་དག་གསན་དུ་གསོལ།།ཏདྱཱ་ཐཱ།སུ་དཎྜ།དརྟྟི་པ་ཏི་དརྞྞ་བརྟ་ནི།དཎྜ་ཀུ་ཤ་ལ།དེཏྟཱ་སུ་དྷཱ་རི།སུ་དྷཱ་ར་བ་ཏཾ་བུདྡྷ་པཱ་ཤྱ་ནེ།དྷཱ་རཱ་ཎི།
275b3 ཨཱ་བརྟ་ནི།ཱ་བརྟྟ་ནི།སདྡྷ་པ་རཱི་ཀྵི་ཏེ།སདྡྷ་ནཱི་ར་ག་ས་ཏེ།དྷརྨ་པ་རཱི་ཀྵི་ཏེ།སརྦྦ་སཏྐཨཱ་རྱཱ་ཏ།ཀོ་ཤཻ་གྷ།ཀོ་ཤ་ལྱཱ་ནུ་ག་ཏཾ།སིདྡྷ་བིཀྲཱྀ་ཌི་ཏེ། ནུ་བརྟེ།བརྡྷ་ནི།བཏྟཱ་ལི་སྭཱཿ།
275b4 བཅོམ་ལྡན་འདས་གཟུངས་སྡིགས་ཀྱི་ཚིག་འདི་དག་བྱང་ཆུབ་སེམས་དཔའ་གང་གི་རྣ་བའི་དབང་པོ་ལ་གྲགས་པ་ད་ནི།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ
275b5 བཟང་པོའི་བྱིན་གྱིས་བརླབས་སུ་རིག་པར་བགྱིའོ།།བཅོམ་ལྡན་འདས་དམ་པའི་ཆེས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདིའང་ཛམྦུའི་གླིང་འདི་ན་སྤྱོད་པ་ན།བྱང་ཆུབ
275b6 སེམས་དཔའ་གང་དག་གི་ལག་ཏུ་ཐོབ་པར་གྱུར་པ་ན།བཅོམ་ལྡན་འདས་ཆོས་སྨྲ་བ་དེ་དག་གིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཐུ་དང་།བྱང་ཆུབ་སེམས
275b7 དཔའ་ཀུན་ཏུ་བཟང་པོའི་གཟི་བརྗིད་ཀྱིས་དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་བདག་ཅག་གི་ལག་ཏུ་ཐོབ་བོ་སྙམ་དུ་དེ་ལྟར་རིག་པར་བགྱིའོ།།བཅོམ
iiif viewer powered by OpenSeadragon
275a - 276a