| | e-texts navigator
|
274a1 འདས་སྐུད་མའི་ཚེ་སླང་མའི་དུས་ལྔ་བརྒྱུའི་བླ་མ་ལ།མདོ་སྡེ་འདི་ལྟ་བུ་འཛིན་པའི་དགེ་སློང་རྣམས་ལ་བསྲུང་བར་བགྱིའོ།།བདེ་ལེགས་སུ་འགྱུར་བར་བགྱིའོ།།
274a2 ཆད་པ་སྤང་བར་བགྱིའོ།།དུག་གཞིལ་བར་བགྱིའོ།།ཅི་ནས་ཆོས་སྨྲ་བ་དེ་དག་ལ་གླགས་ལྟ་བ་དང་།སྐབས་འཚལ་བ་གྲང་གིས་ཀྱང་གླགས་རྙེད་པར་མི་འགྱུར་བ
274a3 དང་།བདུད་སྡིག་ཅན་དང་བདུད་ཀྱི་བུ་རྣམས་དང་བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་དང་བདུད་ཀྱི་བུ་མོ་རྣམས་དང་བདུད་ཀྱི་འཁོར་གླགས་ལྟ་བ་དང་།སྐབས་འཚལ
274a4 བ་རྣམས་ཀྱིས་གླགས་མི་རྙེད་པར་འགྱུར་བས་ནི།བདུད་ཀྱི་ཀུན་ནས་ལྡང་བའི་བར་དུ་འབྱུང་བར་མི་འགྱུར་བ་དང་ལྷའི་བུ་དང་གནོད་སྦྱིན་དང་ཡི་དགས་དང་སྲུལ་པོ
274a5 དང་གཤེད་བྱེད་དང་རོ་ལངས་དག།ཆོས་སྨྲ་བ་དེ་ལ་གླགས་ལྟེ་བ་དང་སྐབས་འཆོལ་བ་ནའདི་སྐབས་རྙེད་པར་མི་འགྱུར་བར།བཅོམ་ལྡན་འདས་བདག་གིས་ཆོས་སྨྲ
274a6 བ་དེ་ལ་རྟག་པར་རྒྱུན་དུ་དུས་ཐམས་ཅད་དུ་བསྲུང་བར་བགྱིའོ།།བཅོམ་ལྡན་འདས་གང་གི་ཚེ་ཆོས་སྨྲ་བ་དེ།ཆོས་ཀྱི་རྣམ་གྲངས་འདི་ལ་སེམས་ཤིང་།རྣལ་འབྱོར
274a7 ལ་བརྩོན་པ་དང་།འཆག་པ་ལ་ཞུགས་པར་གྱུར་པ་དེའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་བསྲུང་བའི་སླད་དུ་བདག་གླང་པོ་ཆེའི་རྒྱལ་པོ་ཐལ་ཀར་མཆེ་བ་དྲུག་པ་ལ་འཚལ
iiif viewer powered by OpenSeadragon
273b - 274b