e-texts navigator
Collection
Volume
Page
Wylie

273b1 ཆུབ་སེམས་དཔའ་དེ་དག་གིས་གསོལ་པ།བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ།།བདེ་བར་གཤེགས་པ་དེ་དེ་ལྟ་ལགས་སོ།།དེ་ནས་འཁོར་དེར་དགེ་སློང་དང་དགེ་སློང་མ
273b2 དང་དགེ་བསྙེན་དང་དགེ་བསྙེན་མ་འདུས་པ་དེ་དག་དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ལ་རབ་ཏུ་དགོད་པའི་ཕྱིར།ཡང་བཅོམ་ལྡན་འདས་ཀྱིས་བྱུང
273b3 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།རིགས་ཀྱི་བུ་ཆོས་བཞི་དང་ལྡན་པའི་བུད་མེད་ཀྱིས་དམ་པའི་ཆོས་པདྨ་དཀར
273b4 པོའི་ཆོས་ཀྱི་རྣམ་གྲངས་འདི་ལག་ཏུ་ཐོབ་པར་འགྱུར་རོ།།བཞི་གང་ཞེ་ན་འདི་ལྟ་སྟེ།སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་བ་དང་།།
273b5 དགེ་བའི་རྩ་བ་བསྐྱེད་པར་འགྱུར་པ་དང་།ངེས་པའི་ཕུང་པོ་ལ་གནས་པར་འགྱུར་བ་དང་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར།བླ་ན་མེད་པ་ཡང་དག་པར།
273b6 རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་སྟེ།རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་དང་ལྡན་པའི་བུད་མེད་ཀྱིས་དམ་པའི་ཆོས་པདྨོ་དཀར་པོའི་ཆོས་ཀྱི་རྣམ་གྲངས
273b7 འདི་ལག་ཏུ་ཐོབ་པར་འགྱུར་རོ།།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན




iiif viewer powered by OpenSeadragon

273a - 274a

Texts on this page

N101 - dam pa'i chos pad ma dkar po zhes bya ba theg pa chen po'i mdo