| | e-texts navigator
|
272b1 མདུན་དུ་བདར་ཏེ།ལྷན་ཅིག་ཏུ་ཤར་ཕྱོགས་ནས་ཞིང་དག་ནི་རབ་ཏུ་གཡོ་བར་བྱེད།པདྨའི་ཆར་ནི་རབ་ཏུ་འབེབས།སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ནི་རབ་ཏུ་ལེན་ཅིང་།བྱང
272b2 ཆུབ་སེམས་དཔའི་མཐུ་ཆེན་པོ་དང་།བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཆེན་པོ་དང་།བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང་།བྱང་ཆུབ་སེམས་དཔའི་ཆེ་བ་ཉིད
272b3 དང་།བྱང་ཆུབ་སེམས་དཔའི་གཟི་བརྗིད་ཆེན་པོ་འབར་བ་དང་།བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་དང་།བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང་།ལྷ་དང་ཀླུ་དང
272b4 གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པའི་རྣམ་པར་འཕྲུལ་པ་ཆེན་པོ་དང་།དེ་ལྟར་རྫུ་འཕྲུལ་གྱི
272b5 ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དག་གིས།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་འཇིག་རྟེན་གྱི་ཁམས་མི་མཛད་འདིར་ཕྱིན་ནས།དེ་རའི་རྒྱལ
272b6 པོ་བྱ་རྒོད་ཀྱི་ཕུང་པོ་ག་ལ་བོ་དང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ།བཅོམ་ལྡན་འདས་ལ
272b7 ལན་བདུན་སྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཀོན་མཆོག་གཟི
iiif viewer powered by OpenSeadragon
272a - 273a