| | e-texts navigator
|
311a1 དང་།ས་བོན་མེད་པར་བཤད་པ་ལ་ཉེས་པ་དེ་ལྟ་བུ་ཡོད་པས་བྱ་བ་དང་ལས་བྱས་པ་རྣམས་དོན་མེད་པར་འགྱུར་རོ།།བློ་གྲོས་ཆེན་པོ་མུ་སྟེགས་ཅན
311a2 དེ་དག་རྐྱེན་གསུམ་ཕྲད་པ་ལས་སྐྱེ་ཞེས་བྱ་བའང་བྱ་བ་དང་།ཐབས་ནི་རྒྱུ་དང་འབྲས་བུའི་རང་གི་མཚན་ཉིད་དུ་ཡོད་ལ་འདས་པ་དང་།མ་འོངས་པ་དང་།ད་ལྟར་བྱུང་བ་ནི་ས
311a3 བྲོན་ཡོད་པ་དང་།ས་བོན་མེད་པའི་མཚན་ཉིད་དོ་ཞེས་ཟེར་ཏེ།དེ་ནི་སྔོན་གཅིག་ནས་གཅིག་ཏུ་རིགས་པའི་དངོས་པོ་བརྒྱུད་དེ་འོངས་པ་རྟོག་གེ་པའི་རྗེས་སུ་འཇུག་ཅིང་རང
311a4 གི་ལྟ་བའི་ཉེས་པའི་བྲག་ཆགས་ཀྱིས་བསྒོས་པས་དེ་སྐད་དུ་སྟོན་ཏེ།བློ་གྲོས་ཆེན་པོ་དེ་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལྟ་བ་དྲན་པས་ཟིན་པ་ལོག་པའི་གྱ་གྱུས་རབ་ཏུ
311a5 རྨོངས་པ་དང་མྱོས་པའི་མི་ཤེས་པ་རྣམས་བརྫུན་དུ་འདི་ནི་ཐམས་ཅད་མཁྱེན་པས་བསྟན་ཏོ་ཞེས་ཟེར་རོ།།བློ་གྲོས་ཆེན་པོ་གལ་ཏེ་ཡང་དགེ་སྦྱོང་ངམ།བྲམ་ཟེ་གང་ལ་ལ
311a6 ཆོས་ཐམས་ཅད་རང་བཞིན་དང་བྲལ་བ་སྤྲིན་དང་འགལ་མེའི་འཁོར་ལོ་དང་།དྲི་ཟའི་གྲོང་ཁྱེར་དང་མཚུངས་པ་དང་།མ་སྐྱེས་པ་སྒྱུ་མ་དང་།སྨིག་རྒྱུ་དང་།ཆུའི་ཟླ་བ
311a7 དང་།རྨི་ལམ་ལྟ་བུ་དང་།ནང་དང་ཕྱི་རོལ་ཏུ་སེམས་སྣང་བ་རྣམ་པར་རྟོག་པ་དང་།ཐོག་མ་མེད་པའི་དུས་ཀྱི་རྣམ་པར་སྤྲོས་པ་རང་གི་སེམས་ཀྱི་རྣམ་པར་རྟོག་པ་ལས་ལོག
iiif viewer powered by OpenSeadragon
310b - 311b