| | e-texts navigator
|
443a1 དཀྱིལ་འཁོར་གྲུ་བཞི་ལྷམ་པར་བྱ།།སེམས་ཅན་ཀུན་དང་ཐུན་མོང་དུ།།འདས་པའི་སངས་རྒྱས་གང་ཡིན་དང་།།གང་དག
443a2 མ་འོངས་ད་ལྟར་བྱུང་།།བྱང་ཆུབ་སེམས་དཔའ་ཉན་ཐོས་དང་།།རང་སངས་རྒྱས་དག་གང་ཡོད་པ།།དེ་དག་རྣམས་ལ་ཡོངས་སུ་བསྔོ།།
443a3 དེ་ནས་དཀྱིལ་འཁོར་ཁོར་ཡུག་དགུ།།འཁོར་གྱི་དཀྱིལ་འཁོར་རྣམས་བྱ་སྟེ།།འཇིག་རྟེན་དབང་དང་བྱམས་པ་དང་།།ཐུབ་པ་སྐྱེས་མཆོག
443a4 ནམ་མཁའ་དང་།།ཀུན་ཏུ་བཟང་པོ་བློ་ལྡན་དང་།།གསདྲ་བ་པ་ཡི་བ་དག་པོ་དང་།།འཇམ་དཔྲལ་གཽ་ཞོན་ནུར་གྱུར་པ་དང་།།སྒྲིབ་པ་ཐམས
443a5 ཅད་རྣམ་སྤེལ་དང་།།དེ་བཞིན་ས་ཡཱི་སྙིང་པོ་སྟེ།།དེ་དག་གི་ཆེད་དུ་དཀྱིལ་འཁོར་བརྒྱད་བྱའོ།།ཁྱིམ་བདྲུག་འདྲི་ནི་དཀྱིལ་འཁོར་བརྒྱད་ཅེས་བྱ
443a6 བྱའི་ཆོས་ཀྱི་རྣམ་གྲངས་ཡིན་ཏེ།འདི་ནི་བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྣང་བ་པོ་སམ་གྱིས་མི་ཁྱབ་པ་དེ་ལས་མངོན་སུམ་དུ
443a7 ཐོས་སོ།།ཁྱིམ་བདག་གཞན་ཡང་ཉོན་ཅིག།ཀུན་ནས་སྐལ་པ་མཐུན་པ་ཡི།།འཁོར་རྣམས་གང་ཞིག་འདོད་པ་དེས།།དཀྱིལ་འཁོར་བརྒྱད
iiif viewer powered by OpenSeadragon
442b - 443b