e-texts navigator
Collection
Volume
Page
Wylie

441b1 དཔའ་སེང་གེའི་རྒྱལ་པོ་བཀོད་པ་ཞེས་བྱ་བ་ཞིག་འཁོར་དེར་འདུས་པར་གྱུར་ཏེ་འདུག་པ་དེས་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་མཐོང་ནས་ལྟད་མོར་གྱུར་ཏེ།དེ
441b2 སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ།པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བཱ་དེ་ལོགས་སུ་ཐལ་མོ་སྦྱར
441b3 བ་བཏུད་དེ།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདག་གིས་སངས་རྒྱས་འབྱུང་བ་བྱེ་བ་ཁྲག་ཁྲིག་ཕྲག་དུ་མ་ཞིག་འདས
441b4 ན་གང་གི་འཁོར་གྱི་དཀྱིལ་འཁོར་ཡང་བཅོམ་ལྡན་འདས་ཀྱི་ཅི་འདྲ་བ་དེ་འདྲ་བར་མ་གྱུར་ལགས་སོ།།བཅོམ་ལྡན་འདས་བདག་གི་ཞུ་བ་བསྟན་པ་འདིའི་ལན་སྩལ
441b5 དུ་གསོལ།བྱང་ཆུབ་སེམས་དཔའ་གཞན་དྲག་གིས་ཐོས་ནའང་དབུགས་ཕྱིན་པར་འགྱུར་ལགས་སོ།།དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན
441b6 པའི་འཁོར་ཡང་དག་པར་གཟེངས་བསྟོད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྲིང་གེའི་རྒྱལ་པོ་བཀོད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།རིགས་ཀྱི་བུ་ཉོན
441b7 ཅིག་དང་།དྲིས་པ་ལན་གདབ་པ་དཀྱིལ་འཁོར་བརྒྱད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ངས་སྔོན་སོ་སོའི་སྐྱེ་བོའི་དུས་ན་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་ལན




iiif viewer powered by OpenSeadragon

441a - 442a

Texts on this page

N93 - 'phags pa dkyil 'khor brgyad pa ces bya ba'i chos kyi rnam grangs theg pa chen po'i mdo