e-texts navigator
Collection
Volume
Page
Wylie

363b1 བའི་སྲིད་པ་རབ་ཏུ་འཕེལ།།སོ་ཀའི་དུས་ན་མི་ཞིག་ནི།།དགོན་པ་ཆེན་པོར་སྡོང་གྱུར་ནས།།བྱིས་པས་ལན་ཚྭ་འཐུངས་པ་ན།།སྐོམ་པ་འཕེལ་ཞིང་རླབ་སྨྱོ་ལྟར།།རྔ
363b2 བཞིན་བདེན་པ་མ་མཐོང་བའི།།བྱིས་པ་རྨོངས་པས་འཚོ་བ་རྣམས།།འདི་ན་ཕྱིར་ཞིང་བུད་མེད་ལོ།།འདོད་པའི་སྲེད་པ་བརྟན་པར་འགྱུར།།ཇི་ལྟར་མི་ལུས་མཛེ་ཅན་ལ།།
363b3 སྲོག་ཆགས་རྣམས་ནི་ཟ་བ་ལྟར།།འདོད་བརྐམ་སོ་སོའི་སྐྱེ་བོ་རྣམས།།དེ་བཞིན་བུད་མེད་རྣམས་ཀྱིས་ཟོས།།མི་གཙང་བུམ་པ་ཁྲ་བོ་ཞིག།ཁ་དོག་ལྡན་པར་སྣང
363b4 མོས་ཀྱི།།ནང་ན་ཧ་ལ་ཧཱ་ལའི་དུག།དྲག་པོ་ཆེན་པོ་ཡོད་པ་ལྟོར།།དེ་བཞིན་བུད་མེང་བརྒྱན་པ་དག།གང་དང་གང་ན་སྣང་བ་ཡང་།།གཅན་དང་ཕྱི་སས་གང་བ་ཡིན།།
363b5 རྐྱརྒྱལ་པ་རླུང་གིས་བཀང་བ་བཞིན།།འབྲུ་མར་གྱིས་ནི་བདར་བའི་མཚོན།།གོས་ཀྱིས་དཀྲིསཽ་པ་ཇི་བཞིན་དུ།།དེ་བཞིན་བུད་མེད་བརྒྱན་པ་ཡང་།།རལ་གྲི་ཀློང་བ་གཡོགས།
363b6 ས་བཞིན།།ཇི་ལྟར་མེ་དོང་གང་གྱུར་ལ།།དུ་བ་མེད་ཅིང་འབར་ལྡན་ལྟར།།བུད་མེད་དེ་བཞིན་མེ་འདྲ་ཞིང་།།སྲིན་བུ་གཏུམ་པོ་བཞིན་དུ་གཡོ།།བསྲེག་པའི་བསྐལ་པ་འདིར།།
363b7 བྱུང་ན།།ས་ནི་ཀུན་ཏུ་འབར་གྱུར་ལ།།རྩཝ་དང་གེལ་བ་འཇིག་འགྱུར་ཞིང་།།ཆུ་ཀླུང་དག་ཀྱང་སྐམ་པར་འགྱུར།།འབྱུང་བ་ཆེན་པོའི་གནས་གྱུར་པ།།རྒྱ་མཚོ་ཡང་ནི་སྐམ་འཅུ




iiif viewer powered by OpenSeadragon

363a - 364a

Texts on this page

N60 - 'phags pa bat sa'i rgyal po 'char byed kyis zhus pa zhes bya ba'i le'u