| | e-texts navigator
|
363a1 མཁས་པ།།རྔ་མོ་བུང་ངུའི་ཆོས་སྤྱོད་ཅིང་།།བུད་མེད་མཐོང་ན་རབ་བསྙགས་པ།།དྲན་སྐྱུགས་གནས་ལ་ཕྲག་རྣམས་བཞིན།།གྲང་ལ
363a2 བྱིས་པ་གུས་བཅས་པའི།།འདོད་རྣམས་དྲིང་མི་གཙང་ཡང་།།འདོད་པའི་སྐྱོན་རྣམས་མི་མཐོང་བ།།ས་ཡི་སྟེང་ནི་དམུས་ལོང་བཞིན།།གཟུགས་ཀྱི་འཆིང་བས
363a3 བཅིངས་པ་རྣམས།།འདོད་པའི་འདུ་ཤེས་རབ་ཏུ་འཇུག།བྱིས་པའི་འདོད་རྣམས་བསྟེན་པ་དག།ཁྱི་དང་ཝ་རྣམས་ཇི་བཞིན་ནོ།།སྒྲ་དྲི་རོ་དང་རེག་རྣམས་ཀྱིས།།
363a4 གང་ལ་སོ་སོའི་སྐྱེ་བོ་རྣམས།།བྱིས་པ་འཁོར་བར་ཡོངས་འཁོར་བ།།སྤྲེའུ་རྣམས་ཕུར་ལ་བཏགས་པ་བཞིན།།བྱིས་པ་མ་རིག་ཁྱབས་པ་རྣམས།།མུན་པའི་ཕུང
363a5 པོས་བསྒྲིབས་གྱུར་ཅིང་།།བུད་མེད་རྣམས་ལ་ཆགས་པ་ནི།།མི་གཙང་གནས་པ་ཁྭ་བཞིན་ནོ།།གང་གིས་ངན་འགྲོར་རབ་འཇུག་པ།།དེ་ནི་བདུད་ཀྱི་སྤྱོད་ཡུལ་ཡིན།
363a6 རོ་མྱང་འདུ་ཤེས་ཆགས་གྱུར་པ།།ངན་སྐྱུགས་གནས་ལ་སྲིན་བུ་བཞིན།།བསད་པའི་གཤེད་མ་རྣམས་ཀྱིས་ནི།།ཇི་ལྟར་མི་ཞིག་བོར་བ་ལྟར།།ཤིས་ནས་ཐར་པ
363a7 ཐོབ་འགྱུརརེ་ཞིང་།།བུད་མེད་དབང་དུ་འགྲོ་མི་འགྱུར།།འདོད་པ་བུད་མེད་ལྟ་བྱེད་པའི།།ཀུན་ཏུ་སྦྱོར་ལ་འཇིགས་པ་སྐྱེ།།བྱིས་པ་མཚན་མར་འཛིན་པ་རྣམས།།འདོད
iiif viewer powered by OpenSeadragon
362b - 363b