e-texts navigator
Collection
Volume
Page
Wylie

360b1 དོདྲོན་དུ་བརྗོད་པར་མི་ནུས་སོ།།གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི།།དེ་དག་ཁུར་རྣམས་ཁྱེར་བའི་རྔ་མོ་རྣམས་དང་ཡད།།ཡང་ན་གླང་དང་བུང་བུ་རྟག་ཏུ་མི་འགྱུར།
360b2 མི་རྣམས་དེ་དག་སྤུ་གྲོའོ་སོ་ལ་རྗེ་མི་འགྱུར།།གང་དག་ཕ་མོ་རྒས་པ་གསོ་བར་བྱེད་པ་ནི།།དེ་དག་ཆུ་བོ་རབ་མེད་དང་ནི་མེ་མུར་དང་།།སྤུ་གྲིའི་སོ་དང་ལྡན་པ་ལ་ཡོང་མ་རྒལ་ཏེ།།
360b3 དེ་དག་ཟངས་ཁུ་བསྐོལ་བ་འཐུང་བ་ཡོང་མི་འགྱུར།།གང་དག་ཕ་མ་རྒས་པ་གསོ་བོར་བྱེད་པ་ནི།།དེ་དག་ནོར་དང་འབྲུ་ནི་མཱི་ཉུང་མང་བ་དང་།།ཆུང་མ་བུ་དང་བུ་མོ་དམ་པ་དག་དང
360b4 ཡང་།།བཻ་ཌཱུརྱ་དང་རིན་ཆེན་ས་ལེ་སྦྲམ་ཡང་རྙེད།།གང་དག་ཕ་མ་རྒས་པ་གསོ་བོར་བྱེད་པ་ནི།།དེ་དག་རབ་འཕྲུལ་ལྷའི་ཕོ་བྲང་དག་དང་ནི།།རྩུབ་འགྱུར་དང་ནི་འདྲེས་པའི
360b5 ཚུལ་ཡང་མཐོང་འགྱུར་ཏེ།།ལྷ་རྣམས་དུ་མས་རྟག་ཏུ་མདུན་དུ་བདར་བར་འགྱུར།།མི་ཡི་གཙོ་བོར་གྱུར་ཅིང་ལྷ་ཡི་ལྷར་གྱུར་པ།།ཐུབ་པ་ཆེན་པོ་འདི་འདྲའི་གསུང
360b6 ནི་ཐོས་གྱུར་ན།།རྒས་ཤིང་དབང་པོ་ཤིན་ཏུ་ཉམས་ཆུང་གྱུར་པ་ཡི།།ཕ་མ་སྦྱིན་གནས་དམ་པ་སུ་ཞིག་གསོ་མི་བྱེད།།རྒྱལ་པོ་ཆེན་པོ་གཞན་ཡང་སྐྱེས་བུ་དམ་པ་མ་ཡིན་ན།།
360b7 སྐྱེས་བུ་དམ་པ་མ་ཡིན་པའི་ལས་བྱེད་ཅིང་།།ལོག་པར་བལྟ་བ་ལ་མངོན་པར་ཞོན་པ་ཡིན་ཏེ།།དོན་དགེ་བ་དང་མི་དགེ་བ་གང་ཡིན་ཞེས་བདག་གི་དོན་མི་ཤོས་ཤིང་མི་བརྟན་པ་ཡིན




iiif viewer powered by OpenSeadragon

360a - 361a

Texts on this page

N60 - 'phags pa bat sa'i rgyal po 'char byed kyis zhus pa zhes bya ba'i le'u