| | e-texts navigator
|
359b1 རྟེན་སྟོན་པར་བྱེད།འཇམྦུའི་གླིང་སྣ་ཚོགས་སྟོན་པར་བྱེད།།དོན་དུ་འདོད།ཕན་པར་འདོད།གྲུབ་པ་དང་།བདེ་བར་འདོད།འཇིག་རྟེན་ལྔ་ཕན་པར་འདོད་པ་སྟེ།སྦྱིན་པའི
359b2 གནས་ཡིན་ལ།ཟུ་ལ་ཕན་པ་དང་།བདེ་བར་འདོད་པས།དེ་དག་གིས་རང་གི་ནོར་གྱི་ཚོགས་ཀྱིས།གཞན་གྱི་ཁྱིམ་ནས།གཞན་གྱི་བུ་མོ་བླངས་པ་དང་།དེ་དེ་ཁོ་ཆགས་ཤིང
359b3 མྱོས་ལྔ་འཆུམས་ཤིང་བརྒྱལ་བ་དང་།ལྷག་པར་ཞེན་པ་དང་།ལྷག་པར་ཞེན་ཅིང་འདུག་པར་གྱུར་ནས།གཞན་གྱི་ཁྱིམ་ནས་བླངས་པའི་བུད་མེད་དེ་ལ་ཆགས་ཤིང་མོས
359b4 པོས་སྦྱིན་པའི་གནས་ཕ་མ་དག་རྒས།འཁོགས།གཏུགས་ལ།ལུས་ཉམས་ཆུང་ཞིང་མིག་གིས་མི་མཐོང་བ་དྲག་བརྙས་ཤིང་ལོངས་སྤྱོད་མེད་པ་དང་།ནོར་མེད
359b5 བར་བྱོས་ནས།རང་གི་ཁྱིམ་ནས་ཕྱུང་སྟེ།སྐྲོང་པར་བྱེད་དོ།།རྒྱལ་པོ་ཆེན་པོ་འདི་ལྟར་ཕ་མ་དཀའ་བ་བྱེད་བྱེད་པ་སྦྱིན་པའི་གནས་ལ།རྟག་ཏུ་རྒྱུན་མི་འཆད་པར་ཡང
359b6 དག་པོའི་བདེ་བས།བསྟི་སྟང་དུ་བྱ།བླ་མར་བྱེ།བརྗོད་པར་བྱ།མཆོད་པར་བྱ་བའི་རིགས་ན།དེས་དེའི་ཆེ་ཕ་མོ་དག་རང་གི་ཁྱིམ་ནས་ཕྱུང་བསྐྲད་ནས་གཞན་གྱི
359b7 ཁྱིམ་ནས་བླངས་པའི་བུད་མེད་ལ།བཟའ་བ་དང་།བཏུང་བ་དང་།གོས་རྣམས་ཀྱིས་བསྙེན་བཀུར་བྱེད་ཅིང་བསྟི་སྟང་དུ་བྱེད།གཅེས་སུ་བྱེད།རིམ་བྲོ་བྱེད་ལ་མཆོད་པ་བྱེད་ཅིང་།།
iiif viewer powered by OpenSeadragon
359a - 360a