| | e-texts navigator
|
358b1 དག་གཏི་མུག་དྲ་བ་སྡིག་པར་རབ་སོགས་ཤིང་།།ངན་སོང་འགྲོ་བར་འགྱུར་བའི་ལམ་ཡང་སོགས་པར་བྱེད།།མི་རྣམས་དེ་དག་དེར་ཆགས་བདེ་བར་འདུ་ཤེས་ཤིང་།།ཕ་དང་མ
358b2 ཡང་ཡོངས་སུ་རབ་ཏུ་སྤོང་བར་བྱེད།།དེ་དག་མཆོད་འོས་རྣམས་ལ་མཆོད་པར་མི་བྱེད་ཅིང་།།སྨོད་པར་འོས་པའི་འདོད་པ་དག་ནི་ཚོལ་བར་བྱེད།།ཕན་ཚུན་གདུང་བུར
358b3 འགྱུར་བ་ལ་ནི་གཞོལ་བྱེད་ཅིང་།།རྣམ་རྟོག་མུ་ཡིས་ངེས་བཅོམ་མི་རྣམས་ཉོན་མོངས་པ།།བཀུར་བསྟི་ཡོངས་སུ་ཚུལ་ལ་དགའ་ཞིང་མ་འཕགས་རྣམས།།ཆོས་མ
358b4 ཡིན་པར་འཇིག་རྟེན་རབ་ཏུ་འཛུད་པར་བྱེད།།གྲཞི་དེ་ལས་ནི་མཚོན་ཆ་དག་དྲང་ལྕགས་རྣམས་དང་།།དེ་བཞིན་འཆིང་བ་དང་ནི་འཐབ་ཅིང་རྩོད་པ་དང་།།ངེས་པར
358b5 འཆི་བའི་སྡུག་བསྔལ་རབ་ཏུ་མྱོང་བར་འགྱུར།།ཤི་འབྱོས་ནས་ནི་མནར་མེད་འཇིགས་སུ་རུང་བར་འགྲོ།།ཚེ་འདི་ཉིད་ལ་དེ་བཞིན་སྡུག་བསྔལ་འབྱུང་འགྱུར་ཞིང་།།ནོར
358b6 ཉམས་སྙིང་དུ་སྡུག་པ་རབ་ཏུ་འཇིག་འགྱུར་ལ།།མཐོ་རིས་ཉམས་ཞིང་དམྱལ་བར་རབ་ཏུ་ལྟུང་བས་ན།།མཁས་པ་སུ་ཞིག་འདོད་པའི་འདུ་ཤེས་སྐྱེད་པར་བྱེད།།ལྗགས
358b7 ལས་གྲུབ་པའི་ནགས་ཚལ་སྔོན་པོའི་ཁྲོད་དག་ཏུ།།མཁས་པས་བདག་ཉིད་ཁྲོད་དུ་བོར་བ་དེ་བླང་ཞིང་།།མཛངས་པ་སྤུ་གྲིའི་སོ་ཡིས་བཅད་པ་བྱིས་བླ་ལོ།།རལ་གྲ་དག་གི།
iiif viewer powered by OpenSeadragon
358a - 359a