e-texts navigator
Collection
Volume
Page
Wylie

358a1 ཡིན་ཏེ།།མིག་ཙང་མཚོན་འདྲ་རྨོངས་གྱུར་དག་ལ་བསྔགས་པ་བརྗོད།།འདོད་པ་དམན་པ་དག་ལྔ་བསྔགས་ཤིང་བསྟུན་ནས་ནི།།དམན་པ་དེ།
358a2 དག་ངན་འགྲོར་རབ་ཏུ་ལྟུང་བར་འགྱུར།།གནོད་པ་འདོད་པ་དག་གིས་ཡུལ་རྣམས་རབ་བསྔགས་ཤིང་།།འདོད་པ་གནོད་པ་ཡིན་ལེ་དགའ་བའི་བྱིས་པ་རྣམས།།དེ་དག་དོན
358a3 མེད་འཚེ་བ་རྣམ་པར་སྤངས་ནས་ནི།།མི་བཟང་གཡངས་ཆེན་པོར་རབ་ཏུ་ལྟུང་བར་འགྱུར།།ང་རྒྱལ་རྨོངས་པས་བཅོམ་པའི་སྐྱེ་དགུ་འདི་དག་ནི།།རྒྱ་མཚོའི་ཕ་རོལ་མ
358a4 མཐོང་བ་ཡི་བྱེ་བཞིན་དུ།།ལྕགས་ཀྱི་མེ་ལྕེ་ལྔ་པོ་དག་ལ་ཆགས་གྱུར་ནས།།བྱིས་པ་རྣམས་ནི་རབ་ཏུ་འབར་ཞིང་འཁྱམ་པོར་འགྱུར།།འདི་ནི་བྱིས་པ་ནོས་ཤིང
358a5 ཤིན་ཏུ་རྨོངས་པ་རྣམས།།ཤིན་ཏུ་མི་མཐོང་སྣོད་མཆོག་ཡིན་པར་སེམས་པ་ལྟུར།།ལམ་ལ་རྣམ་པར་རྨོངས་རྣམས་འདོད་པའི་ཆེད་ཀྱི་ཕྱིར།།རྟག་ཏུ་འདིར་གནས
358a6 འདི་ནི་རྒྱུ་ནོ་མ་ཡིན་ཞེས་འཛེར།།གླང་ཕྱིར་རྣམ་པ་སྣ་ཚོགས་ལས་དག་མི་ཤེས་ངེས།།འགྲོ་བ་ཐམས་ཅད་རབ་ཉམས་གུད་པ་ཡོད་སྦྱིནུ་པས།།པ་དང་མ་དང་བུ་དང་བུ་མ
358a7 དག་ལ་ནི།།དོན་གྱིས་མཆོད་པ་མི་བྱེད་གནོད་པ་ཐོས་མ་ཡིན།།དེ་དག་རྟག་ཏུ་བུད་མེད་འདིས་པ་བརྗོད་བྱེད་ཅིང་།།དེ་འདྲའི་ལས་ཀྱི་ཚུལ་ལ་རབ་ཏུ་འཇུག་པར་བྱེད།།དེ




iiif viewer powered by OpenSeadragon

357b - 358b

Texts on this page

N60 - 'phags pa bat sa'i rgyal po 'char byed kyis zhus pa zhes bya ba'i le'u