e-texts navigator
Collection
Volume
Page
Wylie

357b1 བུད་།།མརྣམ་པར་གྱུར་ཅིང་རུལ་བའི་ཁྱིམ་རྣམས་ཇི་བཞིན་དང་།།ཤི་བ་དུ་ཁྲོད་ས་ན་ཤིན་ཏུ་སྨད་པ་ལྟར།།དེ་བཞིན་འདོད་པ་རྣམས་ཀྱང་མཆོག་ཏུ་སྨད་པ་ཡིན།།སྦྲང
357b2 བུ་རྨ་ཞིག་མཐོང་ནས་རྒྱུག་པ་ཅི་འདྲ་དང་།།ཕག་ནི་ངན་སྐྱུགས་མཐོང་ན་རྒྱུག་པ་ཅི་འདྲ་དྲང་།།ཁྱི་ན་ཤ་ཡཾ་དོན་དུ་ཤེ་ན་སར་འགྲོ་བ་ལྟར།།དེ་བཞིན་མི་མཁས་བུད་མེད་དགེ་ལ
357b3 དགའ་བར་བྱེད།།གྲགས་པ་མེད་ཅིང་མི་སྙན་ཡོན་ཏན་འདྲི་བ་དང་།།དེ་ལས་ཚུལ་ཁྲིམས་མཐོ་ལ་ཉམས་པར་གྱུར་པ་དང་།།མཐོ་རིས་ཉམས་ཤིང་དམྱལ་བ་དྲག་ཏུ་ལྟུང
357b4 བཱབྱས་ན།།མཁས་བྱ་སུ་ཞིག་འདོད་པའི་སྒོམ་ལ་རྟེན་པར་བྱེད།།ཇི་ལྟར་ཧཱ་ལ་ཧུ་ལའི་དུག་ནི་ཟློས་པ་ན།།ལུས་དྲུགྲ་རྨ་ཞིང་རྨོངས་པ་སྐྱེ་བར་འགྱུར་བ་ལྟར།།དེ་བཞིན་འདི་ན
357b5 བྱིས་པ་རྣམས་ནི་འདྲོད་པའི་རྒྱུས།།རང་གི་ལུས་ཀྱི་དབྱིབས་ནི་དུག་ཏུ་མི་རིག་གོ།ཇི་ལྟར་སྦུ་བྲ་ཤིན་ཏུ་བསླབས་པའི་མི་ཞིག་གིས།།རྣམ་པར་འཕྲུལ་པས་སེམས་ཅན་བརྒྱ་དགུ་དག
357b6 བྱེད་ལྟར།།དེ་བཞིན་བྱིསྲི་བ་བདག་ལ་བདེ་བར་འདོད་པ་རྣམས།།འདོད་པ་དགའ་བའི་རྒྱུ་ལས་དྲན་འགྲོར་རབ་ཏུ་ལྟུང་།།ཟས་སྐོམ་སྟོན་མོ་བཟང་པོ་ཐ་དད་པ་དག་དང་།།གླུ་བྱོ་སེལ
357b7 སྙན་བཟང་པོ་ཐ་དད་པ་དག་གིས།།ཁང་པ་མཆོག་ནས་བྱུང་བའི་ཆུང་མ་ལེན་པ་ནི།།གནོད་པ་རྙེད་པ་ཡིན་ཞིང་སྡུག་བསྔལ་སོགས་པ་ཡིན།།འདོད་པའི་དགའ་ལ་བརྐམ་པ་དག་ནི།ནོད




iiif viewer powered by OpenSeadragon

357a - 358a

Texts on this page

N60 - 'phags pa bat sa'i rgyal po 'char byed kyis zhus pa zhes bya ba'i le'u