e-texts navigator
Collection
Volume
Page
Wylie

357a1 སྙིང་གི་ལུས་ལ་ཡང་དག་པར་ཞུགས་པ།ལྕགས་ཀྱི་ཤིང་གཤལ་མ་རི་མཐོན་པོ་དང་།མེ་མ་མུར་ལ་གཞོལ་བ།སེམས་ཅན་དམྱལ་བ་ཡང་སྲོས་དང
357a2 ཐིག་ནག་དང་།བསྡུས་འཇོམས་དང་།ངུ་འབོད་དང་།ངུ་འབོད་ཆེན་པོ་དང་།ཚ་བ་དང་།རབ་ཏུ་ཚ་བ་དང་།མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ཞུགས་པ་ནི་བུད་མེད
357a3 ཀྱི་སྐྱོན་འདི་ལྟ་བུ་འདི་དག་ཐོས་ནས་ཀྱང་།བུད་མེད་ལ་ཆགས་ཤིང་བུད་མེད་དང་བསྟེན་པས།རྒད་པ་དང་།ངུ་བ་དང་།ཅ་ཅོ་འདོན་པ་དང་།བྲོ་བརྡུངས་པ་དང་།གླུ་བླངས་པ་དང་།
357a4 རོ་ལོ་མོ་བྱས་པ་དག་རྗེས་སུ་དྲན་པར་བྱེད་ཅིང་།སྐྱོ་བ་མི་བསྐྱེད།ཡིད་བྱུང་བར་མི་བྱེད་དེ།རྒྱལ་པོ་ཆེན་པོ་བྱིས་པའི་ཆོས་ལ་ཀུན་ཏུ་སྤྱོད་ཅིང་།ཀུན་ཏུ་སྤྱོད་པ་དེ་དག་དང་ལྡན་པའི
357a5 སྐྱེས་པ་ནི་ངན་སོང་རྣམས་སུ་སྐྱེ་བར་འགྱུར་ཏེ།རྒྱལ་པོ་ཆེན་པོ་བུད་མེད་ཀྱི་དབང་དུ་སོང་ནས་འདོད་པ་ལ་རྟེན་ཅྀང་།ངན་འགྲོ་རེ་འགྲོ་པོར་འཇུག་པ་དེ་ནི།སྐྱེས་པའི་སྐྱེས་བུའི་སྐྱོན
357a6 དངོ་བོ་ཡིན་ནོ།།དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།།འདོད་པ་དྲིང་མིག་ཙང་སྨད་པར་འོས་པ་དང་།།མི་མཐུན་འཇིགས་བྱེད་མི་རྟག་ལོས
357a7 བྱུང་སྡུག་བསྔལ་བྱེད།།དོན་མེད་ཕུང་བར་བྱེད་ཅིང་དམན་པ་ཡིན་པས་ན།།མཁས་པ་སུ་ཞིག་འདོད་པའི་སྐོམ་ལ་བརྟེན་པར་བྱེད།།བརྩོག་པས་གང་བའི་ཚོབ་ཁུང་དྲིང




iiif viewer powered by OpenSeadragon

356b - 357b

Texts on this page

N60 - 'phags pa bat sa'i rgyal po 'char byed kyis zhus pa zhes bya ba'i le'u