e-texts navigator
Collection
Volume
Page
Wylie

354b1 རྨོངས་པ་དང་།འདི་ལྟར་མཽ་གསལ་བ་དང་།འདི་ལྟར་མི་མཁས་པས།དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བླ་དག་གིས་ཐ་བ་དང་།ཞེ་སྡང་གི་སེམས
354b2 བསྐྱེད་པ་དེ།བཅོམ་ལྡན་འདས་ལ་བཟོད་པར་གསོལ་ཞིང་།ཉན་ཐོས་ཀྱི་དགེ་འདུན་གྱི་མདུན་དུ་ཡང་ནོངས་པར་འཆགས་ཤིང་མཆིས་ན།ཐུགས་བརྩེ་བའི་སླད་དུ།བདག
354b3 གིསོ་ནོངས་པར་གཤེགས་པ་དེ།བཅོམ་ལྡན་འདས་ཀྱིས་ལེགས་པར་རྗེས་སུ་གཟུང་བར་གསོལ།སླན་ཆད་ཀྱང་སྡོམ་པར་འཚལ་ལག་སོ།།བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ
354b4 ཁྱོད་ལོངས་ལ་རང་གི་སྟན་གང་ཡིན་པ་ལྔ་འདུག་ཤིག་ཅེས།པད་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཉེས་པ་བཤགས་པ་རྗེས་སུ་གཟུང་བར་གནང་ངོ་།།དེ་ནས་པད་སའི་རྒྱལ་པོ་འཆར་བྱེད
354b5 ཀྱིས།བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ།ཕྱོགས་གཅིག་ཏུ་འདུག་གོ།།ཕྱོགས་གཅིག་ཏུ་འདུག་ནས་ཀྱང་།བཅོམ་ལྡན་འདས་ལཱ་བད་སའི་རྒྱལ་པོ
354b6 འཆར་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདག་ནི་གཏུམ་ཞིང་གཟུ་ལུམས་ཆེ་ལ།།དྲག་ཤུལ་ཅན་ལགས་པས།བདག་གིས་བུད་མེད་ཀྱི་ཚིག་གིས།སྡིག་པའི
354b7 སུག་ལས་མངོན་པར་འདུ་བགྱིས་པ་དེས་བཅོམ་ལྡན་འདས་བདག་སེམས་ཅན་དམྱལ་བར་འཆི་བར་བདག་གིས་ཡང་དག་པར་འཚལ་ན།བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ




iiif viewer powered by OpenSeadragon

354a - 355a

Texts on this page

N60 - 'phags pa bat sa'i rgyal po 'char byed kyis zhus pa zhes bya ba'i le'u