e-texts navigator
Collection
Volume
Page
Wylie

353b1 ལ་བ་དེར་སོང་སྟེ་ཕྱིན་ནས།བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདག་གིས་སྔོན་མ་མཐོང་བའི
353b2 རྨད་དུ་བྱུང་བ་ཞིག་མཐོང་བ།བཅོམ་ལྡན་འདས་ལ་གསོལ་བར་འཚལ་ནཱ།བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་ཅི་གནང་།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས
353b3 ཀྱིས་བད་སཱའི་རྒྱལ་པོ་འཆར་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་སྨོས་ཤིག།ཟློས་ཤིག།དེ་ནས་བཅོམ་ལྡན་འདས་ལ་བད་སའི་རྒྱལ་པོ་འཆ
353b4 བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདག་འདོད་པའི་རྒྱུ་དང་།འདོད་པའི་གཞི་དང་།འདོད་པ་ལ་ལྷག་པར་ཞེན་པས།དང་མ་དུའི་བུ་མོ་དཔེ་མེད་ཀྱིས་ཚིག་གིས་ཁྲོས་ཤིང་རྔམ
353b5 བོས་ཟིལ་གྱིས་ནོན་ནས།བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ།ཐ་བ་དང་།ཞེ་སྡང་གི་སེམས་ཀྱང་བསྐྱེད།བཅོམ་ལྡན་འདས་བདག་གིས་མཆིས་འབྲང་སྔོ་སངས་ཅན
353b6 དགུམ་པའི་སླད་དུ།མངའ་སྟེ་རུ་ཀཉེ་རྭ་ཞིག་འསངས་ན།དེ་བར་སྣང་ལ་འབར་ཀུན་ཏུ་རབ་ཏུ་མཆེད་དེ་འབར་ཞིང་།མེ་ལྕེ་གཅིག་ཏུ་གྱུར་ནསེ།བཟློག་པའི་ཚུལ་དུ་སླར་ལོག་སྟེ།བདག་གི
353b7 གིཡོན་རོལ་ལོགས་སུ་མཆིས་པར་གྱུར་ཅིང་།ལུས་ལ་ནི་མ་ཕོག་ནས།བཅོམ་ལྡན་འདས་བདག་གིས་མཆིས་འབྲང་སྔོསངས་ཅན་གྱི་སྡུག་པ་རྐང་པ་གཉིས་ལ་གཏུགས་ཏེ།མཆིས




iiif viewer powered by OpenSeadragon

353a - 354a

Texts on this page

N60 - 'phags pa bat sa'i rgyal po 'char byed kyis zhus pa zhes bya ba'i le'u