| | e-texts navigator
|
352b1 རྣམས་སུ།།གང་གིས་བྱས་པའི་ལྗགས་བསྒོམས་ཏེ།།བྱམས་ལ་གནས་པའི་སྐྱེས་བུ་དང་།།བུད་མེད་དག་ནི་མ་གསོད་གསུངས།།གང་ཞིག་ལོ་ཏོག་སྨིན་པཱ་ལ།།སེར་ལྟར་ཡང་དག་ཇི
352b2 བཞིན་མཁྱེན།།བུད་མོད་རྣམས་ཀྱིས་གནོད་མེད་པ།།དེའི་བསྟན་ལ་བདག་དགོའ་ལགས།།འཇིག་རྟེན་མགོན་པོ་ཐམས་ཅད་ཀྱིས།།བུད་མེད་རྣམས་ནི་སྨད་པར་གསུངས།།དུད་མེད
352b3 རྣམས་ལ་མི་བལྟ་བ།།འཇིག་རྟེན་མགོན་པོ་རྣམས་ཀྱིས་བསྔགས།།སངས་རྒྱས་རྣམས་དང་རང་སངས་རྒྱས།།བྱང་ཆུབ་སེམས་དཔའ་ཉན་ཐོས་རྣམས།།བུད་མེད་བསྟེན་པར་མི་མཛད
352b4 དེ།།དེ་ནི་བྱིས་པའི་སྤྱོད་ཡུལ་ལེགས།།བུད་མེད་རྣམས་ལེ་བརྟེན་པ་ནི།།ཀུན་ནས་བདུད་ཀྱི་ཞགས་པར་གསུང་།།སྡིག་པ་རྣམས་ལ་ཆགས་པ་ནི།།རྐུ་འཛུགས་དཀྲུགས་པའི་ཤུལ
352b5 དང་འདྲ།།མི་མཁས་བུད་མད་ཆགས་པ་དང་།།སྡིག་པའི་ལས་ནི་བགྱིད་པ་དང་།།ཡེ་ཤེས་སྤོང་བར་འཚལ་བ་ཡི།།སེམས་ཅན་རྣམས་ནི་ངན་འགྲོར་ཁྲིད།།མཁས་པ་ཐར་པར
352b6 འཚལ་བ་ལིས།།བུད་མེད་བསྟེན་པར་མི་བགྱི་སྟེ།།ཞུགས་བལྟམ་དུ་བ་མཆིས་པ་ཡི།།དོང་དུ་མཆོད་པར་མི་དོང་ལགས།།ཡིད་འོང་བཀའ་མཚང་བགྱིས་པ་དང་།།བལྟས་པས
352b7 ཀྱང་ནི་འཆིང་བགྱིད་ཅིང་།།མི་བཟང་དམྱལ་བར་ལྟུང་བས་ན།།ཁྱོད་ནི་བུད་མེད་ཚིག་མ་གསན།།བདག་ནི་ཁྲོ་བ་མ་མཆིས་ཏེ།།བདག་ནི་ཡིད་ནི་རབ་ཏུ་དང་།།ཁྱབ་བདག
iiif viewer powered by OpenSeadragon
352a - 353a