| | e-texts navigator
|
352a1 དྲིས་པར་སྐྱེས་ཤིག།གང་ལ་མཚོན་གྱིས་མི་གནོད་པའི།།བུད་མེད་འགའ་ཡང་ཡོད་མིན་ཏོ།།ངས་ནི་འདི་ལ་གང་དུ་ཡང་།།ཐོས་སམ་མཐོང་ངམ་ཤེས་པའང་མེད།།ངན
352a2 སྟོབས་ལྡན་བརྩོན་འགྲུས་ཅན།།འཕོངས་གི་ཤེས་པ་ལེགས་བསླབས་པས།།ང་ཡི་མདའ་འདི་གདོན་མི་ཟ།།ནམ་ཡང་མི་ཕྲོག་ཡོད་མནི་ཏེ།།སྤྲེའུ་འམ་ཡང་ན་བྱ་དང་ནི།།མི་འམ་ཡང་ན
352a3 འབེན་ཡང་རུང་།།གྲང་ལ་དཱ་ཡིས་མདའ་འཕངས་པ།།ནམ་ཡང་མི་འཕོག་ཡོད་མིན་ན།།དེ་རིང་མདའ་འདི་འཕངས་པ་ནི།།བཟློག་པའི་ཚུལ་དུ་ཕྱིར་འོངས་ཏེ།།ལུས་ལེ་གནོད་བྱ
352a4 མྱེད་པར་ནི།།དེ་མདུན་དུ་འདུག་པར་གྱུར།།གཞན་གྱི་ཚིག་ནི་མཉན་ནས་ཀྱང་།།ང་ནི་ཁྱོད་ལ་གསོད་འདོད་ན།།ང་ནི་ཁྱེད་ལ་སྐྱབས་སུ་འགྲོས།།སྡུག་བསྔལ་གྱུར་པང་ལ་སྐྱོབས།།
352a5 ཕྱིན་ཆད་འདི་འདྲ་མི་བྱེད་ཀྱིས།།སྡུག་བསྔལ་བ་ལ་དེར་བཟོད་ཀྱིས།།ཁྱོད་སྔོན་དགའ་བ་དྲན་བྱོས་ལ།།དྲང་བར་གྱིས་ཤིང་ཁྲི་ཐུལ་ཅིག།དེ་ནས་བཙུན་མོ་སྔོ་སངས་ཅན་གྱིས།།བདྲ་སའི
352a6 རྒྱལ་པོ་འཆར་བྱེད་ལ།།ཚིགས་སུ་བཅད་དེ་སྨྲས་པ།།བདག་ནི་ལྷ་མ་ནི་དྲི་ཟ་མིན།།ཤ་ཟ་མོ་མིན་སྒྲེན་མོ་མི་ནི།།བདག་ནི་བཙུན་མོ་སྔོ་བསངས་ཅན།།འཇིག་རྟེན་མགོན་པོའི་ཉན
352a7 །ཟོས་མ།།ལྷ་ཁྱོད་ལ་ནི་སྙིང་བརྩེ་བས།།བདག་གིས་སེམས་ནི་མཉམ་གཞག་གིས།།ཁྱབ་བདག་འཇིག་རྟེན་མགོན་པོ་ལ།།ཐུགས་ནི་རབ་ཏུ་དང་བར་མཛོད།།བསྐལ་པ་བྱེ་བ་སྟོང
iiif viewer powered by OpenSeadragon
351b - 352b