e-texts navigator
Collection
Volume
Page
Wylie

351b1 ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ཞེས་བཅོམ་ལྡན་འདས་ལ་ཕྱག་བྱས་ཤིང་བཅོམ་ལྡན་འདས་ཀྱི་བསྔགས་པ་བརྗོད
351b2 ནུས།བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།།དེ་ནས་འདི་ལྟར་སངས་རྒྱས་ཀྱི་མཐུས།མདའ་སྟེའུ་ཀ་ཉ་རྔ་མ་དེ་དོ་ནས་ཕྱིར་ལོག་སྟེ།བྲད་སའི་རྒྱལ་པོ་འཆར་བྱེད་དེ
351b3 ཉིད་ཀྱི་མགོ་བོའི་དྲང་ཐད་ཀྱི་སྟེང་གི་བར་སྣང་ལ་འབར་རབ་ཏུ་འབར།ཀུན་དུ་རབ་ཏུ་འཚེད་དེ།འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་ཏེ།ཕར་འགྲོ་ཚུར་འགྲོ་ཞིང་འདུག་འདུག་ནས།བད་སའི
351b4 རྒྱལ་པོ་འཆར་བྱེད་ག་ལ་བ་དེར་སོང་ནས།པད་སའི་རྒྱལ་པོ་འཆར་བྱེད་ཀྱི་གཡོན་རོལ་ལོག་སུ་འདུག་པར་གྱུར་ཏོ།།དེའི་ལུས་ལ་ནི་མ་ཕོག་གོ།།ལན་གཉིས་ལན་གསུམ་དུ་དེ་ལྟར་གྱུར་པ
351b5 དང་།དེ་ནས་བཙུན་མོ་སྔོ་སངས་ཅན་གྱིས།བད་སའི་རྒྱལ་པོ་འཆར་བྱེད་ལ་འདི་སྐད་ཅེས་སྨྲསོ།།རྒྱལ་པོ་ཆེན་པོ་དེ་ལྟ་ལགས་པས།གལ་ཏེ་ཁྱོད་དེ་བཞིན་གཤེགས་པ་ལ་ཕྱག་འཚལ
351b6 ན།ཁྱོད་ལ་ཡང་བདེ་ལེགས་སུ་འགྱུར་ལགས་སོ།།དེ་ནས་བད་སའི་རྒྱལ་པོ་འཆར་བྱད་འཇིགས་ཤིང་བསྔངས་ལ།སྒྱིད་ལུག་ཅིང་སྤུ་ཟིང་ཞེས་བྱེད་པར་གྱུར་ཏོ།སལ
351b7 འགྱེལ་ནས་བཙུན་མོ་སྔོ་སངས་ཅན་ལ་ཚིགས་སུ་བཅད་དེ་སྨྲས་པ།ཁྱོད་ནི་ལྷ་མོ་འམ་དྲི་ཟ་མོ།།ཤ་ཟ་མི་འམ་སྲིན་མོ་འམ།།ངས་ནི་ཇི་ལྟར་བཟུང་བར་བྱ།།ང་ཡིས




iiif viewer powered by OpenSeadragon

351a - 352a

Texts on this page

N60 - 'phags pa bat sa'i rgyal po 'char byed kyis zhus pa zhes bya ba'i le'u