| | e-texts navigator
|
351a1 ཞུས་པ་ཞེས་བྱ་བའི་ལེའུ།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།བཅོམ་ལྡན
351a2 འདས་ཀོའུ་ཤམ་བི་ན།དབྱངས་ཅན་གྱི་ཀུན་དགའ་ར་བ་ན།དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང
351a3 ཐབས་གཅིག་ཏུ་བཞུགས་ཏེ།དེའི་ཚེ་ན་མ་དུའི་བུ་མོ་དཔེ་མེད་ཕྲག་དོག་དང་སེར་སྣས་ཟན་པས།བཙུན་མོ་སྔ་སངས་ཅན་ལ་ལྷག་པར་དམིགས་ནས།བད་སའི་རྒྱལ་པོ་འཅུར་བྱེད་ལ།
351a4 ལྷ་མཁྱེན་པར་མཛད་དུ་གསོལ།བཙུན་མོ་སྔོ་སངས་ཅན་ལ་སོགས་པ་བུད་མེད་ལྔ་བརྒྱ་ནི།དགེ་སློང་གོའུ་ཏ་མ་དང་།ལྷན་ཅིག་ཏུ་རབ་ཏུ་སྐྱོན་ཆགས་པར་བགྱིད་དེ།དེའི་སླད་དུ་བདག་གིས
351a5 ལྷ་ལ་གསོལ་བ་ལགས་ཀྱིས།ཇི་ལྟར་མཁྱེན་པ་དེ་བཞིན་དུ་མཛད་དུ་གསོལ་ཞེས་བརྫུན་གྱིས་ཚིག་གིས་དབྱེན་བྱས་པར་གྱུར་ཏོ།།དེ་ནས་བད་སའི་རྒྱལ་པོ་འཆར་བྱེད།མ་དུའི་བུ་མོ
351a6 དཔེ་མེད་ཀྱིས་དབྱེན་བྱས་པ།བཅོམ་ལྡན་འདས་དང་།ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་ཐ་བ་དང་།འཁྲུག་པ་དང་ཁྲོ་བ་སྐྱེས་པར་གྱུར་ཏོ།།དེ་ཡིད་མ་རངས་ཤིང་ཁྲོ་བ་དང་རྔམ་པས
351a7 ཟིལ་གྱིས་ནོན་པས།བཙུན་མོ་སྔོ་སངས་ཅན་བསད་པའི་ཕྱིར་གཞུ་བདུངས་ནས།མདའ་སྟེའུ་ཀ་ཉ་རྔམ་བླངས་ཏེ་འཕངསོ།།དེ་ནས་དེའི་མོད་ལ་བཙུན་མོ་སྔོ་སངས་ཅན་གྱིས།བཅོམ
iiif viewer powered by OpenSeadragon
350b - 351b