| | e-texts navigator
|
350a1 ཡ་འ་ཡ་མམསཅམ་ཐམམམཅམསས་ན་ཐབསམ་ཐཅ། མམཐ.མཿཥས་མམཐམཐམམམམ་མ་ཨ.་ཀ་ཐམམམམ་ཡཿཐམ.ཿ་མ་ཡམ་ཐམ་བམ།
350a2 པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཉེས་པར་བྱེད་ཅིང་།ཐུགས་བྱུང་བར་མི་བྱེད་དེ།སྟེ་སྟེང་བྱེད་པར་འགྱུར།བཙུན་པར་བྱེད་པར་འགྱུར།རིམ་གྲོ
350a3 བྱེད་པར་འགྱུར།མཆོད་པ་བྱེད་པར་འགྱུར་རོ།།བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱང་མཉེས་པར་བྱེད་ཅིང་།ཐུགས་བྱུང་བར་མི་བྱེད་དེ།སྟི་སྟང་བྱེད་པར་འགྱུར།
350a4 བཙུན་པར་བྱེད་པར་འགྱུར།རིམ་གྲོ་བྱེད་པར་འགྱུར།མཆོད་པ་བྱེད་པར་འགྱུརརོ།།སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཀྱང་ཉན་པར་འགྱུར་ཏེ།ཐོས་ནས་འཛིན་པར
350a5 འགྱུར།ཀུན་ཆུབ་པར་བྱེད་པར་འགྱུར།གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པར་འགྱུར་རོ།།དེའི་འོག་ཏུ་བསྐལ་པ་ཉི་ཤུ་རྩ་ལྔ་ན།སངས་རྒྱས་ཀྱི་ཞིང་ཐ་དད་པ་དག་ཏུ་བླ་ན
350a6 མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་དཔལ་གྱི་སྙིང
350a7 པོ་ཞེས་བྱ་བར་མཚན་མཐུན་པར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ།།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།།ཀྱེ་མ་ཆོས་ཀྱི་རྣམ
350a8 གྲངས་འདི།འདི་ལྟར་རྒྱ་ཆེ་བ་ནི་བཅོམ་ལྡན་འདས་ངོ་མཚར་ཏོ།།བདེ་བར་གཤེགས་པ་ངོ་མཚར་ཏོ།།བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས།འདི་ཇི
iiif viewer powered by OpenSeadragon
349b - 350b