e-texts navigator
Collection
Volume
Page
Wylie

348b1 རྟོག་པ།།བྱང་ཆུབ་སེམས་ཀྱིས་སྐྱོ་བར་འགྱུར།།བྱང་ཆུབ་སེམས་ཀྱི་བསོད་ནམས་གང་།།དེ་ལ་གལ་ཏེ་གཟུགས་མཆིས་ན།།ན་མཁའི་ཁམས་ནི་ཀུན་གང་སྟེ།།དེ་ནི་དེ་བས་ལྷག་པར་འགྱུར།།
348b2 གངྒཱའི་བྱེ་མོ་གྲངས་སྙེད་ཀྱིས།།སངས་རྒྱས་ཞིང་རྣམས་མི་གང་གིས།།རིན་ཆེན་དག་གྲིས་རབ་བཀང་སྟེ།།འཇིག་རྟེན་མགོན་ལ་ཕུལ་བ་བས།།གླང་གིས་ཐལ་མོ་སྦྱར་བགྱིས་ཏེ།།བྱུང
348b3 ཆུབ་ཏུ་ནི་སེམས་བཏུད་ན།།མཆོད་པ་འདི་ནི་ཁྱད་པར་འཕགས།།དེ་ལ་མཐའ་ནི་མ་མཆིས་སོ།།བྱང་ཆུབ་སེམས་ནི་ཅི་འདྲ་བ།།དྲང་སྲོང་ཆོག་གིས་བསྟན་མཛད་པོ།།དེ་འདྲའི་མཆོད་པ
348b4 གཞན་མ་མཆིས།།དཔལ་ཡང་གཞན་ནི་མཆིས་མཱ་ལགས།།སྨན་གྱི་དམ་པ་ནད་མ་མཆིས།།བྱང་ཆུབ་སེམས་ནི་ཡོན་ཏན་ལྡན།།ནད་ཀུན་རབ་ཏུ་ཞི་བར་བགྱིད།།སེམས་ཅན་ཐམས་ཅད
348b5 བདེ་བར་བགྱིད།།མེ་གསུམ་དག་གིས་གདུངས་པ་ཡི།།སེམས་ཅན་སྡུག་བསྔལ་མཐོང་ནས་ནི།།སྐལ་པ་དཔག་ཏུ་མེད་པར་སྤྱོད།།མཁས་རྣམས་སྐྱོ་བར་ཡོང་མི་འགྱུར།།གང་དག་བྱང་ཆུབ
348b6 སྤྱད་སྤྱོད་པ།།དཔའ་བོ་སྨན་པའི་རྒྱལ་པོ་འདྲ།།དེ་དག་སེམས་ཅན་སྡུག་བསྔལ་སྐྱོབ།།སྐྱོ་བ་རྟག་ཏུ་རྣམ་པར་སྤངས།།དཔའ་བོ་སངས་རྒྱས་ཆོས་འཚལ་བ།།འགྲོ་བའི་སྐྱེ་བ་ཐམས་ཅད
348b7 དུ།།སེམས་དེ་འདོར་བར་མི་འགྱེད་ཅིང་།།དེ་དག་བརྟུལ་ཞུགས་དེ་ཡང་སྟོན།།སེམས་འདི་ལ་ནི་གང་དགའ་བ།།ཤཱཀྱ་སེང་གེ་མི་ཡི་མཆོག།སངས་རྒྱས་ཅི་འདྲ་འདྲར་འགྱུར།།




iiif viewer powered by OpenSeadragon

348a - 349a

Texts on this page

N59 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo