e-texts navigator
Collection
Volume
Page
Wylie

347b1 ཞེས།དྲ་ལས་ཆོས་རྒྱལ་གཤིན་རྗེ་སྐད་སྨྲ།རང་གིས་ལས་བྱས་རང་ལ་རྣམ་པར་སྨིན།།རང་གིས་ལས་ཀྱིས་ཁྱོད་ནི་འདིར་འོངས་ཀྱིས།།ཇི་ལྟར་སྔོན་ཆད་མོ་འདོད་ལས་བྱས་པ།།སྡུག
347b2 བསྔལ་དེ་ནི་ཉིད་ཀྱིས་མྱོང་བར་གྱིས།།དེ་ཚེ་ཕམ་རང་གི་ཆུང་མ་རྣམས།།སྡུག་བསྔལ་ཉན་པ་ཡོངས་སུ་ཐར་མི་བྱེད།།ལེགས་པའི་ལས་བྱས་པས་ནི་གྲོལ་བར་འགྱུར།།དེ་ལྟར་ཁྱིམ་ན
347b3 ཡཡོངས་སུ་སྤང་བར་བྱ།།ཁོ་སྒྲོ་དབྱུག་པ་ལྟུང་གི་ཆད་པ་རྣམས།།སུ་ཞིག་སྤོང་འདོད་ཞི་བ་དོན་གཉེར་བས།།ཁྱིམ་ལ་འཇིགས་པར་གྱིས་ཏྲེ་སྤང་བྱོས་ལ།།འཇིག་རྟེན་མཁས་པའི་བསྟན
347b4 ལ་ཆོས་སྤྱོད་ཅིང་།།ཁྱིམ་ནི་རབ་འབར་སྡུག་བསྔལ་མང་པོའི་རྩེ།།སེམས་ལ་འབྱུང་བ་རྣམས་ཀྱིས་རྟག་ཏུ་འབར།།མེ་མུར་འོབས་འདྲ་འཇིགས་པར་བྱེད་པ་ལ།།མཁས་པ་སུ་ཞིག་དེ་ལ
347b5 སྲེད་པ་བསྐྱེད།།ཁྱིམ་གནས་བུ་དང་ཆུང་མེའི་མྱ་ངན་བྱེད།།ཁྱིམ་གནས་ད་བཞིན་ལོངས་སྤྱོད་མྱ་ངན་བྱེད།།ཉེས་པ་འདི་དང་གཞན་ཡང་དཔག་མེད་དེ།།དེ་ལྟས་ཁྱིམ་ནི་རབ་ཏུ་སྤང་བར་བྱ།།
347b6 འདྲེན་པ་རྣམས་ཀྱི་བསྟན་ལ་དགའ་བྱེད་པ།།མོ་བཏབ་མརྨས་བདེ་དང་ཡིད་བདེའི་རྒྱུ།།སྡུག་བསྔལ་མང་མོའི་རྩ་བ་ཁྱིམ་འདི་ལ།།བླུན་པོ་དགའ་ཡི་མཁས་པ་གཞན་མི་དགའ།།ལྤགས་པོ་ཆུ
347b7 རྒྱུས་ཤ་དང་རུས་པའི་ལུས།།འདི་ནི་ང་ཡི་ཆུང་མ་འདུ་ཤེས་བསྐྱེད།།བྱིས་པོ་རྨོངས་པ་འདོད་ཆགས་བསྐྱེད་པོར་བྱེད།།བུད་མེད་སྒྱུ་མ་ལྟ་བུར་ཡོང་མ་ཤེས།།ཤེས་རབ་ལྡན་པ་ཁྱིམ་གྱི།།




iiif viewer powered by OpenSeadragon

347a - 348a

Texts on this page

N59 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo