| | e-texts navigator
|
347a1 མམམམཅ།ས.་མཐབསམ་མ། མཐཐསམས་མམ་མ་མ་ཡས་ཐ་ཡམ
347a2 དེ་དག་བླངས།།འདི་ནི་དེ་དགང་སྡུག་བསྔལ་མྱ་ངན་འགྱུར།།སྲིད་གསུམ་འཇིགས་པ་འདི་ན་བཤེས་ཀྱང་མེད།།དེ་བཞིན་བུ་དང་ཆུང་མརྩ་ལག་མེད།།ཕ་མ་སྤུན་དང་བུ་དང་ཆུང་མ་དང་།།
347a3 བྲན་དང་ནོར་དྲང་རྩ་ལག་ཚོགས་ཀྱིས་རྣམས།།ཤི་བཱིའི་གཤི་ནི་ཕྱིར་དེ་དག་འགྲོ་བ་མེད།།ལས་རྣམས་རྗེས་སུ་འབྲང་ཞིང་བྱིས་པ་འགྲོ།ལས་ནི་རྗེས་སུ་འབྲང་ཤིང་མི་ཀུན་འདོང་།།ལས་ཀྱིས
347a4 གནས་པ་འཇིག་རྟེན་རྣམ་པར་རྒྱུ།།སྐྱེ་འདི་ལས་ཀྱི་བདག་ཉིད་རེག་གྱུར་ནས།།མཁས་པ་དག་ནི་དགེ་བའི་ལས་རྣམས་བྱེད།།མནར་མེད་སོང་ཚེ་དེ་དག་སྐྱབས་མིན་པས།།ཕ་མ་སྤུན་དང་སྙིང
347a5 སྡུག་བུ་རྣམས་དང་།།རྩ་ལག་ཉེ་དུ་སྣག་གི་གཉེན་མཚམས་དང་།།དེ་དྲག་ཆེད་དུ་མཁས་པ་སྡིག་མི་བྱེད།།ལས་དེ་ཡོངསུ་ཟད་པ་མ་གཏོགས་པར།།རབ་ཏུ་མི་བཟད་འཇིགས་ལས
347a6 མི་མི་གྲོལ།།དེ་ཕྱིར་སྡིག་བས་འཇིགས་པའི་མི་རྣམས་ཀྱིས།།བསྒྲིམས་ཏྲེ་སྡིག་པ་ཡོངསུ་སྤང་བར་བྱ།།ཇི་ལྟར་ལས་རྣམས་བྱས་བླ་མ་གཏོགས་པར།།གཤིན་རྗེའི་རང་རྟ་དང་།།
347a7 མཛའ་བཤེས་དག་དང་རྩེ་ལག་ཚོགས་དང་སྤུན།།ཕ་མ་བུ་དང་ཆུང་མ་སྲུང་མི་བྱེད།།ཁྱོད་ཀྱིས་མཱི་ཡི་ལུས་ནི་ཐོབ་གྱུར་ལ།།ཐོབ་ནས་སྡིག་པ་སྤངས་པ་མ་བྱས་པས།།ཀྱེ་མ་ད་ལྟར
347a8 སྡུག་བསྔལ་མི་བཟང་མྱོང་།།འདི་ནི་མི་དགེ་ལས་ཀྱི་རྣམ་སྨིན་ཡིན།།ལས་ཀྱི་རྣམ་པར་སྨིན་ལ་ཡིད་མ་ཆས།།ཁྱོད་ནི་རང་གྱི་སེམས་ཀྱིས་མི་དག་བྱས།།འདི་ལ་ངས་ནི་ཅི་ཡང་མ་ལེན
iiif viewer powered by OpenSeadragon
346b - 347b