| | e-texts navigator
|
346b1 ལོས་དག་སུ་ད་དན་སྨྲ་བ་ལས་བྱུང་འབྱུང་།།དེ་དག་སྒྱུ་མའི་དང་བཞིན་མ་རྟགས་ནས།།དེ་དག་ཕྱིར་ནི་འཐུབ་ཅིང་ཅད་པ་བྱེད།བྱམས་པ་ཞེས་བྱ་བ་ཤིག་འདིར་འབྱུང་སྟེ།།དེ་བཞོན་ག་ཤེགས་པདན།
346b2 བྱུང་བའི་ཚེ།།ས་འོད་གསེར་གྱི་ས་རབ་ཏུ་གང་བར་འགྱུར།།དེ་ཡི་ཆེན་དེ་ནི་ག་ལས་འབྱུང་།།འདོད་པའི་ཡོན་ཏན་ལྔ་དགྲ་འབྱུང་བས་སྟེ།བརྫུན་པའི་ཆོས་ཅན་འཁྲུལ་བྱིད་རྨོངས་པར་བྱེད།དབར
346b3 སཾ་ཀའི་ཉི་མའི་གུང་དུས་ན།།སྨིག་རྒྱ་ཆུར་སྣང་འདོད་པ་དེ་བཞིན་ནོ།།བསྐལ་པ་གཅིག་ལོན་ནུས་ནི་འཇིག་རྟེན་འདི།།ན་མཁའི་རང་བཞིན་ན་མཁར་འགྱུར་བར་འོང་།།ལྷུན་པོ་དག་ཀྱང་ཚིག་ཅིང
346b4 རྣམ་པར་འཇིག།དེ་དག་གང་ནས་འདས་ཤིང་གང་དུ་འགྲོ།།ཆུ་མིག་མཚོའུ་དང་རྫིང་དང་རྒྱ་མཚོ་རྣམས།།དེ་དག་མེད་འགྱུར་སྙམ་འགྱུར་འབྱུང་བར་འགྱུར།།དེ་བཞིན་དང་པ་གཱས་པྲསྟེ་སྙིང
346b5 མེད།།མཁས་པ་སུ་ཞིག་དེ་ལ་དགའ་བར་བྱེད།།མཁས་པ་སུ་ཞིག་བློ་ཡོ་སྟོབས་ལྡན་པ།།དེ་དག་རྟག་ཏུ་ཁྱིམ་གྱི་སྐྱོན་ལ་རྟོག།འདི་ལ་རོ་མྱོང་བྱེད་པ་སུ་ཡོད་ན།།དྲི་དག་ཅིའི་ཕྱིར་ནི་སློང་མི་བྱེད
346b6 འདྲེན་མའི་ལས་ཀྱིས་ལོངས་སྤྱོད་ཚོལ་བྱེད་ཅིང་།།བུ་དང་དེ་བཞིན་ཆུང་མ་གསོ་བར་བྱེད།།ཤིན་ཏུ་སྡུག་བསྔལ་གྱུར་པ་དེ་དུས་ན།།བུ་དང་ཆུང་མ་སྐྱབསུ་འགྱུར་མ་ཡིན།།ཇི་ལྟར་སྣ་ཚོགས
346b7 ལས་བྱས་བླངས་པ་བཞིན།།བུ་དེང་ཆུང་མོ་དག་ཀྱང་འདིང་བར་འགྱུར།།བདག་ཉིད་གཅིག་པུས་སྡུག་བསྔལ་མྱོང་བར་འོང་།།དེ་དག་དེ་ཚེ་བདག་གི་རྒལ་མོ་ལེན།།མྱ་ངན་རྣམས་ཀྱིས་བ
iiif viewer powered by OpenSeadragon
346a - 347a