e-texts navigator
Collection
Volume
Page
Wylie

345b1 ཡའ་མཐམམམམ་ས་ས་ནཐཐསམ་སཅ། མམམཐསམཿཐས་མམཐམཐ། མ་ཏཿ་ཨ་ཨ་ཀ་ཐབམམམ་ཡ་ཡམ་མ་ཡམཿམ་ཨམ།
345b2 པ་བསྐྱེད།།ཟས་དྲང་སྐོམ་དང་བྱུག་པ་གོས་རྣམས་ཀྱིས།།ལུས་འདི་ཇི་སྲིད་ཡུན་རིང་བསྙེན་བཀུར་ཏེ།།བརྟན་པ་བྱས་ཀྱང་འཇིག་པ་འགྱུར་ཡིན་ན།།འདི་ལྔ་འབད་པ་དོན་མེད་ཅི་ཕྱིར་བྱ།།བསྐུལ
345b3 པ་བརྒྱར་ཡང་ཤིན་ཏུ་རྙེད་དཀའ་བ།།ཐུབ་པ་འབྱུང་འདི་ཁྱོད་ཀྱིས་རྙེད་པ་ལ།།སངས་རྒྱས་བསྟན་ལ་དེ་བཞོནི་དད་པ་བསྐྱེད།།ཤིན་ཏུ་འཇིགས་པའི་ངན་འགྲོར་མ་འགྲོ་ཤིག།ལོ་སྟོང
345b4 བྱེ་བར་སུ་ཞིག་འཚོ་འགྱུར་བ།།དེས་ཀྱང་ཆགས་པ་ཡོངསུ་སྤང་བྱ་ན།།སུ་ཞིག་ལོ་བརྒྱ་ཐུབ་པར་མི་འགྱུར་བ།།དེ་ཕྱིར་དགའ་བི་མོ་རྙེད་སྨོས་ཅི་དགོས།།མ་བསྔོས་མི་རྣཾས་ཁ་ཅིག་འདི་སྐདདུ།།མིར་རྙེད
345b5 ཤིན་ཏུ་དཀའ་བ་རྙེད་པ་ལ།།གཞོན་ཚེ་རྩེད་མོ་དག་དང་དགའ་བྱ་ཞིང་།།ནོར་བཙལ་བདེ་བ་མོང་བ་བྱ་ཞེས་ཟེར།།ནོར་ཚོལ་བ་ལ་བདེ་བ་ག་ལ་ཡོད།།བསྲུང་བའི་ཕྱིར་ཡང་སྡུག་བསྔལ་མྱོང་བར་འགྱུར།།དེ་ཕྱིར
345b6 མཁས་པས་ཆགས་པ་ཡོངས་སྤངས་ལ།།ངན་ངོན་ཙམ་གྱིས་ཆོག་ཤེས་ཐོབ་པར་བྱོས།།ལོངས་སྤྱོད་སྒྱུ་མ་འདྲ་ཞིང་རྨི་ལམ་མཚུངས།།འདི་དག་བྱིས་པའི་སྐྱེ་བོ་འདྲིད་པ་ཡིན།།སྐད་ཅིག
345b7 འབྱུང་ཞིང་སྐད་ཅིག་འཇིགས་པར་འགྱུར།།མཁས་པ་སུ་ཞིག་ལོངས་སྤྱོད་སྲེད་པ་བསྐྱེད།།སྒྱུ་མ་འདྲ་ཞིང་གར་མཁན་ལྟ་དང་མཚུངས།།དྲི་ཟའི་གྲོང་ཁྱེར་སྣ་ཚོགས་ཅི་འདྲ་བ།།ལོངས་སྤྱོད་དེ་དག
345b8 འདི་འདྲ་བྱིས་པ་འདྲིད།།དེ་ལྟར་ལོག་པ་ཚོལ་ཞིང་བྱིས་པ་འཁྱར།།སྡུག་བསྔལ་བརྒྱ་ཡིས་ལོངས་སྤྱོད་བཙལ་བཙལ་བ།།ལུས་ལ་གནོད་པས་མཚུངས་མེད་བསྐྱེད་བྱས་ནས།།རྒྱལ་པོ




iiif viewer powered by OpenSeadragon

345a - 346a

Texts on this page

N59 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo