e-texts navigator
Collection
Volume
Page
Wylie

345a1 བྱུག་པ་རྣམས་ལ་མི་ལྟ་བར།ཕ་རོལ་ཏུ་ཕྱིན་པ་དྲུག་མྱུར་དུ་ཡོངསུ་རྫོགས་པར་བྱེད།།ཁྱིམ་བདུག་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ
345a2 ཕྱིན་པ་དྲུག་ཡོངསུ་རྫོགས་ནས་མྱུར་དུ་བླ་ན་མེད་པ་ཡང་དག་བློ་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།།དེ་ནས་བཅོམ་ལྡན་འདས་ཀྱིས་ལུས་རྒྱ་ཆེར་ཡོངསུ་བསྟན་པའི་ཕྱིར།
345a3 དེའི་ཚེ་ཚིགསུ་བཅད་པ་འདི་བཀའ་སྩལ་ཏོ།།མིར་རྙེད་ཤིན་ཏུ་རྙེད་དཀའ་རྙེད་པ་ལ།།ལུས་ཀྱི་ཕྱིར་ནི་སྡིག་པ་མ་བྱེད་ཅག།འདི་ནི་དུར་ཁྲོད་པ་སྟེ་ལྕེ་སྤྱང་ཟས།།ལུས་ཀྱི་ཕྱིར་ནི་ཡཾ་ངར་མོ
345a4 འཇུག་ཅིག།གཡོ་ལྡན་ལུས་ལ་སྲེད་པ་བསྐྱེད་ནས་ན།།བྱས་པ་རྟག་ཏུ་རྣམ་པར་རྨོངས་ཏེ་འཁྱིམ།།ལུས་འདི་བྱས་པ་མི་བཟོ་དངོས་ཡིན་པས།།ཉོན་མོངས་ཚང་དུ་སྡུག
345a5 བསྔལ་ཚོར་བ་མྱོང་།།རྟག་ཏུ་ནད་འདྲ་སྡུག་བསྔལ་འཁྲུལ་འཁོར་ཏེ།།ལུས་འདི་ངན་སྐྱུགས་དང་ནི་མཆིལ་མས་གང་།།བཀྲེས་དང་སྐོམ་པས་རྟག་ཏུ་མངོན་པར་གཙེས།།མཁས
345a6 པསུ་ཞིག་ལུས་ལ་སྲེད་པ་སྐྱེ།།ལུས་ནི་ས་གཏིང་འདྲ་སྟེ་ཆོག་མི་ཤེས།།གཤེད་མ་མི་མཛའ་འདྲ་ཡང་བྱས་པས་གསོ།།ལུས་ཀྱི་ཆེད་དུ་སྡིག་པའི་ལས་ཀྱང་བྱེད།།དེ་ཕྱིར་དེ་དག
345a7 སྡུག་བསྔལ་ཚོར་བསྐྱེད།།ལུས་འདི་རྡོ་རྗེ་ལྟ་བུར་ས་མ་ཡིན།།ལུས་ཀྱི་ཆེད་དུ་སྡིག་པ་མ་བྱེད་ཅིག།འཆི་བར་རྟོགས་ནས་བསོད་ནམས་མྱུར་དུ་བྱོས།།དེ་བཞིན་ས་ངྱས་བསྟན་ལ་དང




iiif viewer powered by OpenSeadragon

344b - 345b

Texts on this page

N59 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo