e-texts navigator
Collection
Volume
Page
Wylie

344a1 དཔས་ལུས་མི་རྟག་པ་སྟེ།ཤིན་ཏུ་ཟད་པའ་ཆོས་ཉིད་ཡིན་པས།དོན་མེད་པའི་གླགས་པས་གླགས་པར་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་ཕྱིར་རྒོལ་བ་མང་པོ
344a2 འབྱུང་བས་དགྲ་ལྟ་བུར་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་ཡང་དང་ཡང་སྡུག་བསྔལ་མྱོང་བས་གསོད་པ་ལྟ་བུར་བརྟག་པར་བྱའོ།།བྱང་ཆུབ་སེམས་དཔས་ལུས་སྡུག་བསྔལ
344a3 གསུམ་གྱིས་གཙེས་ཏེ།གསུམ་གང་ཞེ་ན།འདི་ལྟ་སྟེ།འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་།འགྱུར་བའི་སྡུག་བསྔལ་ཉིད་དང་།སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱིས་སྟེ།སྡུག
344a4 བསྔལ་གྱི་སྣོད་ཡིན་པར་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་ཕུང་པོ་ལྔ་གྲུབ་པས་སྡུག་བསྔལ་གྱི་གོང་བུ་ཡིན་པར་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་རྐྱེན
344a5 ཐ་དད་པ་ལས་བྱུང་བས་བདག་མེད་པ་དང་།བདག་པོ་མེད་པར་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་སྐྱེས་པ་དང་།བུད་མེད་དང་བྲལ་བས་སྲོག་མེད་པར་བརྟག་པར་བྱ།བྱང
344a6 ཆུབ་སེམས་དཔས་ལུས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱིས་སྟོང་པར་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་རྨི་ལམ་ལྟ་བུ་སྟེ།གསོག་ཏུ་བརྟག་པར་བྱ།བྱང
344a7 ཆུབ་སེམས་དཔས་ལུས་སྒྱུ་མ་ལྟ་བུ་སྟེ།ཡང་དག་པ་མ་ཡིན་པར་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་སྨིག་རྒྱུ་ལྟ་བུ་སྟེ།འཁྲུལ་པར་བྱེད་པར་བརྟག་པར་བྱ།བྱང་ཆུབ




iiif viewer powered by OpenSeadragon

343b - 344b

Texts on this page

N59 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo