e-texts navigator
Collection
Volume
Page
Wylie

343a1 བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་གཏི་མུག་གིམས་མེ་ལྕེ་གཅིག་ཏུ་གྱུར་པར་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་འདོད་ཆགས་དང་ཞེ་སྡང་དང་།
343a2 གཏི་མུག་རྣམས་ཀྱིས་ལྡོངས་པར་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་འདོད་ཆགས་ཀྱི་དྲི་བས་ཁེབས་ཤིང་སྲིད་པའི་དྲ་བར་ཆུད་པར་བརྟག་པར་བྱ།བྱང་ཆུབ་སེམས་དཔས
343a3 ལུས་ཀུན་ནས་བུ་གས་ཡོངསུ་གང་བས་བུ་གའི་གནས་སུ་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་ནང་བཞི་བརྒྱ་རྩ་བཞིས་གཙེས་པར་བརྟག་པར་བྱ།བྱང་ཆུབ་སེམས་དཔས
343a4 ལུས་སྲནི་བུའི་རིགས་བརྒྱད་ཁྲི་བཞི་སྟོང་གི་གནས་སུ་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་འཆི་བའི་ཆོས་ཉིད་ཡིན་པས་མི་རྟག་པར་བརྟག་པར་བྱ།བྱང་ཆུབ་སེམས
343a5 དཔས་ལུས་ཆོས་ལ་རྨོངས་པས་བེམས་པོ་ཡིན་པར་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་མཐར་གྱིས་གྲུབ་ཅིང་མཐའ་མར་འཇིག་པས་བུམ་པ་ལྕི་བུ་རོ་བརྟག་པར་བྱ།།
343a6 བྱང་ཆུབ་སེམས་དཔས་ལུས་མྱ་ངན་གྱིས་གནོན་པ་མང་པོས་གོང་བསྔོ་ཉམས་ཐག་པར་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་ཐ་མར་རྒ་ཤིར་འགྱུར་བས་བརྟན་པ
343a7 མེད་པར་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་གཡོ་དང་སྒྱུའི་ཉེ་བར་སྤྲོད་པ་དག་གིས་གླགས་པར་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་དགང་དཀའ་བས་སའི




iiif viewer powered by OpenSeadragon

342b - 343b

Texts on this page

N59 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo