e-texts navigator
Collection
Volume
Page
Wylie

342b1 ཡང་འ་ཡ་མམས་ཅམ་ཐམམམ་ཅམཅསས་ནཐབསམ་སཅ། མཐ་ཐ.་ནམཿཋས་མམ་ཐམཐམ།ཐམམ་ཨ.་ལ་ཐམམམ།མམ་མཡས་མ་ཡམ་ས་ཡམཿམ་བས་ཎ
342b2 བྱས་ཀྱང་།།འདི་བདག་དབང་གིས་ཟ་འགྱུར་བཅང་མི་འགྱུར།།དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ཁྱིམ་བདག་དཔའ་སྦྱིན་དང་།ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་ལ་བཀའ་སྩལ་པ།ཁྱིམ་བདག་རྣམས་འདི་ལ་བྱང་ཆུབ
342b3 སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚོང་རྒྱ་བར་འདོད་པས།རྣམ་པ་བཞི་བཅུ་རྩ་བཞིས་ལུས་ལ་བརྟག་པར་བྱ་སྟེ།རྣམ་པ་བཞི་བཅུ
342b4 རྩ་བཞི་གང་ཞེ་ན།འདི་ལྟ་སྟེ།ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་ཡིད་དུ་མི་འོང་བ་དང་།རང་བཞིན་གྱིས་མི་མཐུན་པ་སྟེ།སྨད་པར་བརྟག་པར་བྱ།བྱང་ཆུབ་སེམས
342b5 དཔས་ལུས་རྣག་ཟག་པ་སྟེ།དྲི་མི་ཞིམ་པར་བརྟག་པར་བྱ།བྱང་ཆུབ་སེམས་དྲ་བས་ལུས་ཐ་མར་འཇིག་པ་སྟེ།སྙིང་པོ་མེད་པར་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་རྒྱུས་པའི་བོག
342b6 རེས་སྦྲེལ་བ་སྟེ།ཉམ་ཆུང་བར་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་མི་གཙང་བ་ཟག་པ་སྟེ།མི་གཙང་བར་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་ཡང་དག་པ་མ་ཡིན་པ་སྟེ།
342b7 སྒྱུ་མ་ལྟ་བུར་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་སྐྱེ་བོ་མི་མཁས་པ་སོ་སོའི་སྐྱེ་བོ་རྣམས་འཁྲུལ་པ་བྱེད་པར་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་འཇིག་པ་དང་།བུ་ག
342b8 དགུའི་སྒོ་ནས་འཛག་པར་བརྟོག་པར་བྱ།བྱང་ཆུབ་སེམས་དཔས་ལུས་འདོད་ཆགས་ཀྱི་མེས་ཀུན་ཏུ་འབར་བར་བརྟག་པར་བྱ།བྱང་ཆུབ་སེམས་དཔས་ལུས་ཞེ་སྡང་གི་མེས་ཚིག་པར




iiif viewer powered by OpenSeadragon

342a - 343a

Texts on this page

N59 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo