| | e-texts navigator
|
342a1 བདྲུག་དང་།མཁྲིས་པ་སྙིམ་པ་དྲུག་དང་།རླུང་གིས་མཐའ་དག་དྲངས་པ་དང་།ཁྲག་བྲེ་གང་དང་།ངན་ཕྱུགས་ཕུལ་གང་དང་།དེ་དག་ཐམས་ཅད་ཀྱིས་བང་བ་བར་བཅད་བལྟར
342a2 སོ་སོར་ཡོངསུ་གང་བ།ལྤགས་པ་རིམ་པ་བདུན་གྱིས་ཀུན་ནས་བསྐོར་བ།རོ་བློ་བ་དྲུག་གིས་གསོ་བ།ལུས་ཀྱི་མེ་ལ་ངན་སྒྱོགས་ཀྱི་སྦྱིན་བསྲེག་བྱེད་པ།རྟག་ཏུ་མཐར་འཛག་པ།ལུས་ཀྱི་ཡན
342a3 ལག་དེ་དག་ཐམས་ཅད་ཀྱིས་བལྟ་ན་མི་སྡུག་པ་དྲི་ང་བ།རྣག་གི་རང་བཞིན་ཡིན་ན།འདི་ལ་སུ་ཞིག་གུས་པར་བྱེད་དེ།སྐད་ཅིག་དགོས་པའི་ཕྱིར།སྣོད་བརྙན་པ་ཙམ་དུ་ཟད་པ་དང་།ཁུར
342a4 བཀུར་བའི་ཕྱིར་ཤིང་རྟ་ལྟ་བུ་འབྲའ་ཤིག་ཡིན་པར་ཆོས་ཀྱིས་བློས་གཟུང་བར་བྱའོ།།དེ་ལ་འདི་སྐད་ཅེས་བྱ་སྟེ།འདི་ལྟར་མི་གཙང་ཕུང་པོའི་ལུས་ལ་ནི།།གཟུགས་སྔོན་ང་རྒྱལ་ཅན་གང་གུས
342a5 བྱེད་པ།།བྱིས་པའི་བློ་ཅན་དེ་ནི་མངོན་བཞིན་དུ།།མི་ཤེས་ངན་སྐྱུགས་བུམ་པོ་ཐོགས་ཤིང་འགྲོ།དེའི་སྣ་ནས་རྣག་གཱི་རྣམ་པ་འཇུག།ཁ་ནས་དྲི་མི་ཞིམི་པ་རྟག་ཏུ་འབྱུང་།།མིག་རྡུལ་ཆགས
342a6 ཤིང་སྐྱེ་བོ་སྲིནི་བུ་ཅན།།དེ་ལ་སུ་ཞིག་ཆགས་ཤིང་གུས་པ་བྱེད།།དཔེར་ན་བྱིས་པ་སོལ་བ་ཐོགས་ནས་སུ།།འདི་ནི་དཀར་པོར་བྱ་ཞེས་བདར་བྱེད་ཀྱང་།།དཀར་པོའི་དངོས་པོར་མི་འགྱུར
342a7 ཟད་པར་འགྱུར།།བྱིས་བློ་ཕྱིན་ཅི་ལོག་གི་ང་རྒྱལ་ཅན།།དེ་ལྟར་མི་གང་གཙང་སྦྲའི་བློ་གྲོས་ལྡན།།ང་ཡིས་ལུས་འདི་གཙང་མར་བྱ་ཞེས་ཏེ།།བསྐུས་ཕྱིས་འབབ་སྟེགས་བརྒྱར་ནི་ཁྲུས
iiif viewer powered by OpenSeadragon
341b - 342b