| | e-texts navigator
|
341b1 ཚིག་མ་ལས་ནི་གཅིན་དང་ངན་སྐྱུགས་ལ་སོགས་ཏེ།དྲོ་མ་རྣམས་འབྱུང་།དངས་མ་ལས་ནི་ཁྲག་ཏུ་འགྱུར་ཏེ།ཁྲུག་ལས་ཤའོ།།ཤ་ལས་ཚིལ་ལོ།།ཚིལ་ལས་རུས་པའོ།།རུས་པ་ལས་རྐང
341b2 དོརོ།།རྐང་ལས་ཁུ་ཆུའོ།།ཁུ་ཆུ་ལས་ལུས་འདི་ལྟ་སྟེ།དེ་ལྟར་ཐོག་མ་དང་།ཐ་མའི་རྒྱུ་མི་གཙང་བའི་ཕྱིར།ལུས་མི་གཙང་བར་བྱང་ཆུབ་སེམས་དཔས་བསམ་པར་བྱའོ།།ལུས་ལ
341b3 མི་གཙང་བར་ལྟ་བ་ན།བྱང་ཆུབ་སེམས་དཔས་འདི་སྙམ་དུ་བསམ་པར་བྱ་སྟེ།ལུས་ཤེས་བྱ་བ་འདི་ནི་རུས་པ་སུམ་བརྒྱ་དྲུག་ཅུས་ཁོག་པ་བསླང་པ།ཤིང་ངན་པའི་ཁྱིམ་ལྟར་ཚིགས
341b4 སུམ་བརྒྱས་སྦྱར་བ།རྩའི་དྲ་བ་བཞི་བརྒྱས་ཀླས་པ།ཤ་སྥར་ཚད་ལྔ་བརྒྱས་གཡོགས་པ།སྡོམ་རྩ་དྲུག་གིས་ཁྱེབས་པ།རྩ་བདུན་བརྒྱས་གང་བ།རྒྱུས་པ་བདུན་བརྒྱས་སྦྲེལ་བ།ཆུ
341b5 ང་བཅུ་དྲུག་གིས་བརྟན་པ།ཆུ་བ་གཉིས་གྱིས་ཁྱབ་པར་དཀྲིས་པ།རྒྱུ་མ་འདོམ་ཕྱེད་དྲང་བཞིས་ནང་ཁྲོལ་བྱས་པོ།ལོང་ཀ་དང་།ཕོ་བ་དང་།འབྲེལ་བའི་གཉེར་མ་རིམ་པ་བཅུ་དྲུག་ཏུ
341b6 འཁྱིལ་པ།རྩ་བྲན་ཉིས་སྟོང་ལྔ་བརྒྱས་སྐར་ཁུང་བྱས་པ།གཤིས་བརྒྱ་རྩ་བདུན་གྱིས་སྣོད་ཆག་པ་ལྟར་ཤིག་ཤིག་པོར་གྱུར་པ།སྤུའི་ཁུང་བུ་བྱེ་བ་བརྒྱ་སྟོང་ཕྲག་བརྒྱད་བཅུས་རྩཝ་ལྟ
341b7 ཁེངས་པ།དབང་པོ་ལྔའི་བུ་ག་དགུ་ཡོད་པ་གནས་བདུན་དང་ལྡན་པ་མི་གཙང་བས་ཡོངས་སུ་གང་བ།ཀླད་པ་སྙིམ་པ་གང་དང་།ཚིལ་སྙིམ་པ་གང་དང་།ཞག་སྙམ་པ་གསུམ་དང་།བད་ཀན་སྙིམ
iiif viewer powered by OpenSeadragon
341a - 342a