| | e-texts navigator
|
341a1 ཡ་མ་ཐ་མམམ་ཐམམམཐ་མས་ས་ནཐབསམ་ཐཅ། མམཐས་ནམཿཐས་མམ་ཐམམམམམ་ཨ.་ཐམམམམ་ཡམ.མ་ཡམཿམ་བམ
341a2 བྱེ་མའི་གྲོང་ཁྱེར་ལྟར་རྟག་ཏུ་འཇིག་པའི་བདག་ཉིད་ཅན་དང་།མེ་ལྟར་ཆོག་མ་ཤེས་པ་དང་།རྒྱ་མཚོ་ལྟར་དགང་དཀའ་བ་དང་།སྦྲུལ་གྱི་གཟེ་བ་ལྟར་ནན་ཏན་གྱི་ངག
341a3 བྱ་བ་དང་།བྱིས་པ་ཆུང་ངུ་ལྟར་རྟག་ཏུ་ཡོངསུ་བསྐྱང་དགོས་པ་དང་།སྣོད་ཆགས་པ་ལྟར་རྟག་ཏུ་བག་བྱ་དགོས་པ་དང་།ཡུལ་ངན་པ་ལྟར་རྟག་ཏུ་གནོད་པ་འབྱུང་བ་དང་།ཟས་དུག
341a4 ཙོན་ལྟར་རྟག་ཏུ་ཡོངསུ་སྤང་བར་བྱ་བ་དང་།རེ་ཤིག་དགོས་པའི་ཕྱིར་སྣོད་བརྙན་མ་ལྟ་བུ་དང་།ཁུར་བཀུར་བའི་ཕྱིར་ཤིང་རྩཝ་ལྟ་བུ་ཡིན་པ་འབའ་ཤིག་ཏུ་བློས་གཟུང་བར་བྱའོ།།ཁྱིམ་བདག
341a5 རྣམས་གཞན་ཡང་བྱང་ཆུབ་སེམས་དཔས་ལུས་འདི་ཡི་ཐོག་མ་དང་།ཐ་མའི་རྒྱུ་ལ་སོ་སོར་བརྟག་པར་བྱའོ།།ཕ་མའི་ཁུ་ཆུ་དང་།ཁྲག་འདུས་པ་ལས་འབྱུང་སྟེ།འདི་ལ་ཁུ་ཆུ
341a6 དང་།ཁྲགཱ་ནི་ལུས་ཀྱི་ཐོག་མའི་རྒྱུ་ཡིན་ནོ།།ཐ་མའི་རྒྱུ་ནི་ཟས་འཇུ་བ་ལ་སོགས་པ་སྟེ།ཁམ་གྱིས་བཟའ་བའི་ཟས་ཟློས་མ་ཐག་ཏུ་བད་ཀན་གྱི་གནས་སུ་འགྲོའོ།།བཱད་ཀན་གྱི
341a7 གནས་སུ་ཕྱིན་ནས།བད་ཀན་གྱིས་རྐྱང་རྐྱང་པོར་བྱས་ཏེ།ཤིན་ཏུ་མྲྀ་གཙང་བར་འགྱུར་རོ།།དེའི་འོག་ཏུ་མཁྲིས་པའི་གནས་སུ་འགྲོ་སྟེ།མཁྲིས་པའི་གནས་སུ་ཕྱིན་ནས།ཤུ
341a8 ཞིང་སྐྱུར་པོར་འགྱུར་ཏེ།རླུང་གི་གནས་སུ་འགྲོའོ།།ཞུས་ཏེ་རླུང་གི་གནས་སུ་ཕྱིན་ནས།རླུང་གིས་ཚིགས་མ་ལོགས་ཤིག།དངས་མི་ལོགས་ཤིག་ཏུ་རྣམ་པར་འབྱེད་དེ།
iiif viewer powered by OpenSeadragon
340b - 341b