e-texts navigator
Collection
Volume
Page
Wylie

340b1 བསྒོ་བག་མང་བ་དང་།དགྲ་ལྟར་གླགས་ལྟ་བ་དང་།རྐུན་པོ་ལྟར་ཡིད་གཏན་དུ་མི་རུང་བ་དང་།གཤེད་མ་ལྟར་རྗེ་སུ་ཆགས་པ་མེད་པ་དང་།མི་མཛའ་བ་ལྟར་མི་ཕན་པར་འདོད་པ་དང་།གསོད་པ
340b2 ལྟར་ཤེས་རབ་ཀྱི་སྲོག་གི་བར་ཆད་བྱེད་པ་དང་།ཕྱིར་རྒོལ་བ་ལྟར་དགེ་བའི་ཕྱོགས་ཀྱི་ཆོས་ཀྱི་བར་ཆད་བྱེད་པ་དང་།གྲོང་སྟོང་ལྟར་བདག་དང་བྲལ་བ་དང་།རྫ་མཁན་གྱི་སྣོད་ལྟར་མཐར་འཇིག་པ
340b3 དང་།སྦྲང་ལྟར་མི་གཙང་བ་སྣ་ཚོགས་ཀྱིས་ཡོངསུ་གང་བ་དང་།སྦྲང་མའི་སྣོད་ལྟར་མི་གཙང་བ་ཟག་པ་དང་།སྦྲུལ་དང་།མི་དང་།ཁྱིའི་རོ་ལྟར་དྲི་མི་ཞིམ་པ་དང་།ངན་སྐྱུགས་ཀྱི་ཁུ་བ་ལྟར་མི་གཙང་བའི
340b4 འབྱུང་གནས་དང་།རྨ་ལྟར་བསྐྱེད་མི་བཟོད་པ་དང་།ཟུག་རྔུ་ལྟར་གནོད་པའི་བདག་ཉིད་ཅན་དང་།རྗེའོ་སྡང་བ་ལྟར་བསྙེན་པར་དཀའ་བ་དང་།ཁང་རྙིང་ལྟར་བཅོས་ལེགས་བྱ་ཞིང་བརྟེན་པ་དང
340b5 གྲུ་རྙིང་ལྟར་བཅོས་ལྡེགས་བྱ་ཞིང་སྤྱད་པ་དང་།བུམ་པ་ས་མ་བཏང་བ་ལྟར་ནཱན་ཏན་གྱིས་བག་བྱ་དགོས་པ་དང་།གྲོགས་པོ་མི་སྲུན་པ་ལྟར་རྟག་ཏུ་རྗེས་སུ་བསྲུང་དགོས་པ་དང་།ཆུ་འགྲམ
340b6 གྱི་ཤིང་ལྷར་གཡོ་ཞིང་འགུལ་བ་དོང་།ཆུ་ཀླུང་ཆེན་པོའི་རྒྱུན་ལྟར་མཐར་འཆི་བའི་རྒྱ་མཚོ་ལ་ཐུགས་པ་དང་།བློ་བུར་བའི་ཁྱིམ་ལྟར་སྡུག་བསྔལ་ཐམས་ཅད་ཀྱི་གནསུ་གྱུར་པ་དང་།
340b7 མགྲོན་མེད་པའི་གནས་པ་ད་ལྟར་ཡོངསུ་གཟུང་བ་མེད་པ་དང་།བཙོན་བསྲུང་ལྟར་གསུག་གིས་བསྒྲུབ་པར་བྱ་བ་དང་།མཐའ་འཁོབ་ཀྱི་གྲོང་ཁྱེར་ལྟར་རྟག་ཏུ་གནོད་པ་འབྱུང་བ་དང




iiif viewer powered by OpenSeadragon

340a - 341a

Texts on this page

N59 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo