| | e-texts navigator
|
340a1 བདི་ལྟ་ཕྲག་ལ་མི་སྒྲུ་བ་ལགས།དེ་བཞིན་དུན་དང་།འབྲུ་དང་།ཁྱིམ་དང་།ཆུང་མ་དང་།བྲ་དང་།བྲམ་རྣམས་ལ་མི་སྐྱོ་བ་ལགས།བཟའ་བ་དང་།བཏུང་བ་དང་།བག
340a2 དང་།གཞོན་པ་དང་།མལ་ཆ་དང་།མྱེ་ཏོག་དང་།བདུག་པ་དང་།ཐོས་དང་།ཕྲེང་བ་དང་།དྲུག་པ་རྣམས་ལ་མི་ལྦུ་བ་ལགས།ཡོ་བྱད་ཐམས་ཅད་ལ་མི་ལྟ་བ་ལགས།དེ་ནས་བཅོམ
340a3 ལྡན་འདས་ཀྱིས་ཁྱིམ་བདག་དཔའ་སྦྱིན་དང་།ཁྱིམ་བདག་ལྔ་ཆུ་ཙམ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ཁྱིམ་བདག་རྣམས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས
340a4 ལུས་འདི་ལ་རྣམ་པ་དུ་མར་ས་སོར་བརྟག་པར་བྱའོ།།རྣམ་པ་དུ་མ་གང་ཤེ་ན།འདི་ལྟ་སྟེ།ལུས་འདི་མཐར་གྱིས་གྲུབ་པ་དང་།མཐར་གྱིས་འཇིག་པ་དང་།རྡུལ་ཕྲ་རབ་བསགས་པ
340a5 དང་།ཁོང་སྟོང་དང་།གྱེ་གྲཝ་ཅན་དང་།བུག་དགུ་དང་།སྐུའི་ཁོང་བུ་ནས་ཟག་པ་དང་།གྲོག་མཁར་ལྟང་སྦྲུལ་གདུག་པའི་གནས་སུ་གྱུར་པ་དང་།སྦྲུལ་གདྲུག་པ་ལྟར་བྱས་པ་མི
340a6 བཟོ་བ་དང་།མ་སྐྱེས་དགྲའི་སྤྲེའུ་ལྟར་གྲོགས་ལ་འཁྲུ་བ་དང་།བཤེས་གཉེན་ངན་བལྟར་འདྲིད་པའི་བདག་ཉིད་ཅན་དང་།ལྦུ་བརྡོས་པ་ལྟར་རང་བཞིན་གྱིས་ཉམ་ཆུང་བ་ཆུ་བུར་ལྟ
340a7 བྱུང་ནས་འཇིག་ཅིང་འཇུ་བ་དང་།སྨིག་རྒྱུ་ལྟར་སླུ་བའི་བདག་ཉིད་ཅན་དང་།ཆུ་ཤིང་ལྟང་གཤིག་ན་སྙིང་པོ་མེད་པ་དང་།སྒྱུ་མ་ལྟར་སྨྲ་བའི་བདག་ཉིད་ཅན་དང་།རྒྱལ་པོ་ལྟ
iiif viewer powered by OpenSeadragon
339b - 340b