e-texts navigator
Collection
Volume
Page
Wylie

339b1 དང་བྲལ་བར་ཤེས་རབ་ཀྱིས་རྣམ་པར་དཔྱད་པ་ལ་མཁས་པར་བྱ།དེས་སྦྱིན་པ་བྱིན་པ་ན།སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ།སྦྱིན་པ་བྱིན་པར་བྱ།སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ།།
339b2 ཚུལ་ཁྲིམས་བསྲུང་བར་བྱ།སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ།བཟོད་པ་བསྒོམ་པར་བྱ།སེམས་ཅན་ཐམས་ཅད་ཡིད་ལེ་བྱས་ཏེ།བརྩོན་འགྲུས་བརྩམས་པར་བྱ།སེམས་ཅན་ཐམས
339b3 ཅད་ཡིད་ལ་བྱས་ཏེ།བསམ་གཏན་ལ་མཉམ་པར་གཞག་པར་བྱ།སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ།ཤེས་རབ་བསྒོམ་པར་བྱ།སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ།།
339b4 ཐབས་ལ་མཁས་པ་བསླབ་པར་བྱའོ།།དེ་ནས་ཁྱིམ་བདག་དཔལ་སྦྱིན་དང་།ཁྱིམ་བདག་ལྔ་རྒྱ་ཙམོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན
339b5 འདས་བདག་ཅག་ནི་ལུས་ལ་ལྟ་ཞིང་གནས་པ་ལགས།སྲོག་ལ་ལྟོ་ཞིང་གནས་པ་ལགས།དེ་བཞིན་དུ་ནར་དང་།འབྲུ་དང་།ཁྱིམ་དང་།ཆུང་མ་དང་།བུ་དང་།བུ་མོ་རྣམས་ལ་ལྟ
339b6 ཞིང་གནས་པ་ལགས།བཟའ་བ་དང་།བཏུང་བ་དང་།བགོ་བ་དང་།གཞོན་པ་དང་།མལ་ཆ་དང་།སྤོས་དང་།བདུག་པ་དང་།ཕྲེང་བ་དང་།བྱུབྲ་པ་རྣམས་ལ་ལྟ་ཞིང་གནས་པ
339b7 ལགས།ཡོ་བྱད་ཐམས་ཅད་ལ་ལྟ་ཞིང་གནས་པ་ལགས་ན།བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་ས་སོར་རྟོག་ཅིང་།ལུས་ལ་མི་ལྟ་བ་ལགས།བདེ་བར་གཤེགས




iiif viewer powered by OpenSeadragon

339a - 340a

Texts on this page

N59 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo