e-texts navigator
Collection
Volume
Page
Wylie

339a1 པར་བྱས་ན་བདེ་འགྲོ་རྣམ་སུ་སྐྱེའོ།།ཁྱིམ་བདག་རྣམས་དེ་ལྟ་བས་ན།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན
339a2 པར་རྫོགས་པར་འཚང་རྒྱ་བར་འདོད་པས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ།ལུས་ལ་ཆགས་པར་མི་བྱ།སྲོག་ལ་ཆགས་པར་མི་བྱ།དེ་བཞིན་དུ་ནོར
339a3 དང་།འབྲུ་དང་།ཁྱིམ་དང་།ཆུང་མ་དང་།བུ་དང་།བུ་མོ་རྣམས་ལ་ཆགས་པར་མི་བྱ།བཟའ་བོ་དང་།བཏུང་བ་དང་།བགོ་བ་དང་།བཞོན་པ་དང་།མལ་ཆ་དང་།མེ་ཏོག་དང་།།
339a4 བདུག་པ་དང་།སྤོས་དང་།ཕྲེང་བ་དང་།བྱུག་པ་རྣམས་ལ་ཆགས་པར་མི་བྱ།ཡོ་བྱད་ཐམས་ཅད་ལ་ཆགས་པར་མི་བྱ།བདོག་པ་ཐམས་ཅད་ཡོངསུ་བཏང་བར་བྱ་བ་དང་།ཡོངསུ
339a5 བཏང་བ་མང་བ་དང་།རྣམ་པར་སྨིན་པ་ལ་རེ་བ་མེད་པར་བྱ།ཚུལ་ཁྲིམས་རྣམ་པ་གསུམ་ཡོངསུ་དག་པར་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པར་བྱ།སེམས་ཅན་ཐམས་ཅད
339a6 ཀྱིས་ཉེས་པར་བྱས་པ་ལཱ་ཇི་མི་སྙམ་པར་བཟོད་པ་དང་།དེས་པ་ཕུན་སུམ་ཚོགས་པར་བྱ།ལུས་དང་སྲོག་ལ་མི་ལྟ་བར་བརྩོན་འགྲུས་ཀྱི་གོ་ཆ་ཆེན་པོ་བགོ་བར་བྱ།རྣམ་པ
339a7 མི་གཡེང་བའི་སེམས་ཀྱིས་སེམས་རྩེ་གཅིག་ཏུ་བྱ།བདག་དང་།སེམས་ཅན་དང་།སྲོག་དང་།གསོ་བ་དང་།གང་ཟག་དང་།ཤེད་ལས་སྐྱེས་དང་།ཤེད་བུར་ལྟ་བ




iiif viewer powered by OpenSeadragon

338b - 339b

Texts on this page

N59 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo