e-texts navigator
Collection
Volume
Page
Wylie

338b1 འདྲས་དེ་བཞིན་ནོ་ཞེས་གསོལ་ཏེ།ཁྱིམ་བདག་དཔལ་སྦྱིན་དང་།ཁྱིམ་བདག་ལྔ་རྒྱ་ཙམ་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་།བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།།
338b2 ཁྱིམ་བདག་རྣམས་འདི་ལ་བྱང་ཆུབ་སེམས་དཔའའི་སེམས་དཔའ་ཆེན་པོ་བྲན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱབར་འདོད་པས།སེམས་ཅན་ཐམས
338b3 ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པར་བྱ།ཀུན་ཏུ་བསྟེན་པར་བྱ།ངེས་པར་བསྟེན་པར་བྱ།བསྒོམ་པར་བྱ།མང་དུ་བྱའོ།།ཁྱིམ་བདག་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ
338b4 ཆེན་པོ་དེས།ལུས་ལ་ཆགས་པར་མི་བྱ།སྲོག་ལ་ཆགས་པར་མི་བྱ།དེ་བཞིན་དུ་ནོར་དང་།འབྲུ་དང་།ཁྱིམ་དང་།ཆུང་མ་དང་།བུ་དང་།བུ་མོ་རྣམས་ལ་ཆགས་པར་མི་བྱ།བཟའ་བ
338b5 དང་།བཏུང་བ་དང་།བགྲོ་བ་དང་།གཞོན་པ་དང་།མལ་ཆ་དང་།མཻ་ཏོགྲ་དང་།བདུག་པ་དང་།སྤོས་དང་།བྱུག་པ་དང་།སྦྲེང་བ་རྣམས་ལ་ཆགས་པར་མི་བྱ།ཡོ་བྱད་རྣམས་ལ་ཆག
338b6 པོ་མི་བྱའོ།།དེ་ཅིའི་ཕྱིར་ཞེ་ན།ཁྱིམ་བདག་རྣམས་སེམས་ཅན་དག་ནི་ཕལ་ཆེར་ལུས་དུང་སྲོག་ལ་ཆངས་པར་གྱུར་ནས།སྡིག་པའི་ལུས་རྣམས་བྱེད་དེ།དེ་དག་སྡིག་པའི་ལས་བྱས
338b7 ཤིང་བསགས་པ་དེས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེའོ།།སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ།ལུས་དང་སྲོག་ལྔ་ཆགས




iiif viewer powered by OpenSeadragon

338a - 339a

Texts on this page

N59 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo