e-texts navigator
Collection
Volume
Page
Wylie

337b1 འདུས་ཏ་མཆིས་པར་གྱུར་ནས།དེའི་ཚ་བདག་ཅག་འདུས་ཏ་མཆིས་པ་ཐམས་ཅད་པར་སྐབསུ་འདི་ལྟ་བུའི་བཀའ་མཆིད་བརྗོད་པར་བྱུང་སྟེ།ས་གྲོགས་པོ་དག་སངས་རྒྱས་འབྱུང་བ་རྙེད་པར་དཀའ།མང
337b2 སྐྱེ་བ་རྙེད་པར་དཀའ།དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའ།དེ་བཞིན་གཤེགས་པའི་བསྟན་པ་ལ་དད་པ་རྙེད་པར་དཀའ།རབ་ཏུ་བྱུང་བ་རྙེད་པར་དཀའ།དགེ་སློང་གི་དངོས་པོ་རྙེད་པར
337b3 དཀའ།ནན་ཏན་བྱེད་པ་རྙེད་པར་དཀའ།སེམས་ཅན་གང་དག་བྱས་པ་གྲཟོ་ཞིང་བྱས་པ་ཤེས་ལ།གང་དག་བྱས་པ་ཆུང་ངུ་ཡང་ཆུད་མི་གསོན་ན།མང་པོ་ལྟ་ཅི་སྨོས་ཏེ་དེ་དག་རྙེད་པར་དཀའ།དེ
337b4 བས་ཀྱང་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་བསྟན་པ་ལ་ཡིད་ཆེས་རྙེད་པར་དཀའ།དེ་བས་ཀྱང་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་བསྟན་པ་ལ་ཡིད་ཆེས་ནས་ནན་ཏན་གྱིས
337b5 སྒྲུབ་པ་དེ་དག་ཆེས་རྙེད་པར་དཀའ།དེ་བས་ཀྱང་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་བསྟན་པ་ལ་མཛེས་པ་དེ་དག་ཆེས་རྙེད་པར་དཀའ་ན།འཁོར་བ་ལས་གྲོལ་བ་རྙེད་པར་དཀའ་ན།།
337b6 ཅི་བདག་ཅག་ཉན་ཐོས་ཀྱི་ཐེག་པས་ཡོངསུ་མྱ་ངན་ལས་འདའ་བར་བྱ་འམ།འོན་ཏེ་རང་སངས་རྒྱས་ཀྱི་ཐེག་པས་སམ།འོན་ཏེ་ཐེག་པ་ཆེན་པོ་བླ་ན་མེད་པས་ཡོངསུ་མྱ་ངན་ལས་འདས་པར་བྱ
337b7 ཞེས་བཀའ་མཆིད་བགྱིས་སོ།།བཅོམ་ལྡན་འདས་དེའི་ཚེ་བདག་ཅག་ཐམས་ཅད་འདི་ལྟ་བུའི་རྟོག་པ་སྐྱེས་ཏེ།བདག་ཅག་ཐེག་པ་ཆེན་པོ་བླ་ན་མེད་པས་ཡོངསུ་མྱ་ངན་ལས་འདའ་བར་བྱ་བ་ནི




iiif viewer powered by OpenSeadragon

337a - 338a

Texts on this page

N59 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo