| | e-texts navigator
|
337a1 ནུས་བདག་ཅག་ཐེག་པ་ཆེན་པོ་བླ་ན་མེང་པས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ནི་མཆོག་ཡིན་གྱི།ཉན་ཐོས་ཀྱི་ཐེག་པས་མ་ཡིན།རང་སངས་རྒྱས་ཀྱི་ཟག
337a2 པས་ནི་མ་ཡིན་ནོ་སྙམ་མོ།།དེ་ནས་ཁྱིམ་བདག་དཔལ་སྦྱིན་ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་གིས་ཡོངསུ་བསྐོར་ཅིང་མདུན་དུ་བདར་ཏེ།ལྷན་ཅིག་ཏུ་གྲོང་ཁྱེར་ཆེན་པོ་མཉན་ཡོད་ནས་བྱུང་སྟེ།
337a3 རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དང་།བཅོམ་ལྡན་འདས་ག་ལ་བ་དང་སོང་སྟེ་ཕྱིན་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག
337a4 འཚལ་ཏེ།བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས།ཕྱོགས་གཅིག་ཏུ་འཁོད་དོ།།དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ།ཁྱིམ་བདག་དཔལ་སྦྱིན་དང་།ཁྱིམ་བདག
337a5 ལྔ་བརྒྱ་ཙམ་དེ་དག་ལྔ་བཀའ་སྩལ་པ།ཁྱིམ་བདག་ཁྱེད་དོན་གང་གི་ཕྱིར།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐད་དུ་ལྷགས་དེ་ནས་ཁྱིམ་བདག
337a6 དཔལ་སྦྱིན་དང་།ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་སྟན་ལས་ལངས་ཏེ།བླ་གོས་ཕྲག་པ་གཅིག་ཏུ་གཟེར་ནས།པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།བཅོམ་ལྡན་འདས་གས
337a7 བདེ་ལོག་ཕུ་ཐལ་མོ་སྦྱར་བ་བཏུད་ནས།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་དུས་གཅིག་ཅིག་ན།བདག་ཅག་ཁྱིམ་བདག་ལྔ་བརྒྱ་ཙམ་གེ་ཅིག་ཏུ
iiif viewer powered by OpenSeadragon
336b - 337b