e-texts navigator
Collection
Volume
Page
Wylie

336b1 ཡབའ་ཡ་མམཐམ་ཐམམམམ།ས་ས་ན་ཐབས་མ་ན། མཿཐ་ཨ་ནཿཥ་ས་མམཐམམཐམ་ཡལ.་ཨ་མམམམམ་\ུ0f7fཡཿས་མ་ཡམཿཐམ་མམ
336b2 དང་།མན་ཤེལ་དང་།བྱི་རུ་དང་།ས་ལེ་སྒྱུམ་དང་།དངུལ་མང་བ་ཞིག་གནས་པ་དེ།ཁྱིམ་བདག་ལྔ་བརྒྱ་ཙམ་དང་ལྷན་ཅག་ཏུ་འདུས་ཏེ་འདུག་པར་གྱུར་ཏོ།།དེ་དག་འདུས་ཏེ་འཁོད་པའི་ཆ།བར་སྒྲུབསུ་ཡང་འདི
336b3 ལྟ་བུའི་གཏམ་བརྗོད་དེ།ཀྱེ་གྲོགས་པོ་དག་སངས་རྒྱས་འབྱུང་བ་བརྙེད་པར་དཀའ།མིར་སྐྱེ་བ་རྙེད་པར་དཀའ།དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའ།དེ་བཞིན་གཤེགས་པའི་བསྟན་པ་ལ
336b4 ད་པ་རྙེད་པར་དཀའ།རབ་ཏུ་འབྱུང་བ་རྙེད་པར་དཀའ།དགེ་སློང་གི་དངོས་པོ་རྙེད་པར་དཀའ།།ནན་ཏན་བྱེད་པ་རྙེད་པར་དཀའ།སེམས་ཅན་གང་དྲག་བྱས་པ་བཟོ་ཞིང་།བྱས་པ་ཤེས་ལ་གང
336b5 དག་བྱས་པ་ཆུང་ངུ་ཡང་ཆུད་མི་གསན་ན།མང་པོ་ལྟ་ཅི་སྨོས་ཏེ།དེ་དག་རྙེད་པར་དཀའ།དེ་བས་ཀྱང་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་བསྟན་པ་ལ་ཡིད་ཆེས་པ་དེ་དག་ཆེས་རྙེད་པར
336b6 དཀའ།དེ་བས་ཀྱང་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་བསྟན་པ་ལ་ཡིད་ཆེས་ནས།ནན་ཏན་གྱིས་སྒྲུབ་པ་ཆེས་རྙེད་པར་དཀའ།དེ་བས་ཀྱང་སེམས་ཅན་གང་དག་དེ་བཞིན
336b7 གཤེགས་པའི་བསྟན་པ་ལ་མཛེས་པ་དེ་དག་ཆེས་རྙེད་པར་དཀའ།འཁོར་བ་ལས་གྲོལ་བ་རྙེད་པར་དཀའ་ན།ཅི་བདག་ཅག་ཉན་ཐོས་ཀྱི་ཐེག་པས་ཡོངསུ་མྱ་ངན་ལས་འདའ་བར་བྱ་བ
336b8 འམ།འོན་ཏེ་རང་སངས་ཀྱི་ཐེག་པས་སམ།འོན་ཏེ་ཐེག་པ་ཆེན་པོ་བླ་ན་མེད་པས་ཡོངསུ་མྱ་ངན་ལས་འདའ་བ་བྱ་ཞེས་མཐུན་པར་འདུས་ཏེ་འཁོད་པ་དེ་དག་ཐམས་ཅད་དེ་ལྟ་བུའི་དཔྱོད་པ་སྐྱེས




iiif viewer powered by OpenSeadragon

336a - 337a

Texts on this page

N59 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo