| | e-texts navigator
|
332a1 འཁོར་དང་བཅས་པ་ཡང་།།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་རང་རང་གི་སྦྱིན་ལ་འཁོད་དོ།།དེ་ནས་རིགས་ཀྱི་བུ་གང་དག་གིས་ངེམ་པ་སྒྲོན་མ་མཐོང
332a2 བ་དེ་དག་འདི་སྐད་དུ།དབུལ་པོ་གོས་ངན་པ་གྱོན་པ་འདི་ལ།འདི་ལྟ་བུར་མཆོད་པ་བྱེད་དོ་ཞེས་འཛེར་ཏོ།།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲ་སོ།།གྲོགས
332a3 པོ་དག་འདི་ལ་བརྙེས་པར་མ་བྱེད་ཅིག།རིགས་ཀྱི་བུ་འདིའི་ཡོན་ཏན་གྱི་ཆེ་བ་ཉིད་ཇི་སྙེད་དང་ལྡན་པ་དེ་ནི་ཁོ་བོའི་མངོན་སུམ་དུ་གྱུར་ཏོ།།གྲོགས་པོ་དག་ཁྱོད་རེ་ཤིག་སྡོད་ཅིག་དང་།རིགས
332a4 ཀྱི་བུ་འདིའི་ཡོན་ཏན་གྱི་བཀོད་པ་མཐོང་བར་འགྱུར་རོ།།དེ་ནས་རིགས་ཀྱི་བུ་ངེས་པས་ལྷའི་བུ་དེ་དག་གི་བསམ་པ་རྟོགས་ནས།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བྱང་ཆུབ
332a5 སེམས་དཔའ་རྣམས་ཀྱི་སེམས་ཅན་ཡོངསུ་སྨིན་པར་བགྱི་བའི་བཀོད་པའི་ཐབྲས་དང་།ཡེ་ཤེས་ཀྱི་བཀོད་པའི་ཐབས་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།།དེ་ནས་བཅོམ་ལྡན
332a6 འདས་ཀྱི་སྐུ་ལས་འོད་ཕྱུང་སྟེ།འོད་དེས་ངེས་པའི་ལུས་ལ་རེག་ནས།ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་གཟུགས་ཀྱི་ལུས་ཡོངསུ་གྲུབ་པ་ཅི་འདྲ་བ་དེ་ལ་འབུམ་གྱུར་པས་ཀྱང་ཆེས་ལྷག་པར
332a7 གྱུར་ཏོ།།དེ་ནས་ལྷའི་བུ་དེ་དག་ཡ་མཚན་དུ་འཛིན་པར་གྱུར་ཏེ།ངེས་པ་ལ་མེ་ཏོག་དག་གིས་གཏོར་ཏོ།།དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེས་པ་ལ་བཀའ་སྩལ་པ།ངེས་པ
iiif viewer powered by OpenSeadragon
331b - 332b