| | e-texts navigator
|
325b1 །དབུལ་པོ་རྣམས་རབ་ཏུ་ཕུང་བར་བགྱིད་པ་ལག་སོ།།ཕྱུག་པོ་རྣམས་ཚར་གཅོད་པ་ལག་སོ།།ཤིན་ཏུ་རབ་ཏུ་མྱོས་པ་ལག་སོ།།རྒྱལ་པོའི་ལོངས་སྤྱོད་རྣམས་དང་།སྲེད་པར་རྣམ་པར་བཅིངས་པ་ལག་སོ་སྙམ་ནས།
325b2 དེ་ལ་བདག་གིས་སྩལ་ན་ལེན་པར་མི་བགྱིད་པར།འདི་སྐད་དུ་དེ་ལྟར་ང་ནི་དབུལ་ལ།ཁྱོད་ནི་འབྱོར་པར་ཁྱོད་ལ་དཔང་སུ་ཡོད་ཅེས་ཀྱང་མཆིའོ།།དེའི་སླད་དུ་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད
325b3 ཐུགས་སྙོམས་པ།ངོས་བཟློག་མི་སྤྱོད་པ་མ་མངའ།ཐ་བ་དང་།དྲི་མེ་དང་།ཁོང་ཁྲོ་བ་མི་མངའ་བ་བཅོམ་ལྡན་འདས་ཀྱིས་དོན་འདི་ལེགས་པར་ལུང་བསྟན་པར་གསོལ།བཅོམ་ལྡན་འདས་ཀྱིས
325b4 བཀའ་སྩལ་པ།རྒྱལ་པོ་ཆེན་པོ་ཁྱོད་ནི་ཚེ་འདིའི་རྒྱལ་སྲིད་ཀྱི་དབང་ཕྱུག་གི་ལོངས་སྤྱོད་གསེར་དང་།ནོར་བུ་དང་།མུ་ཏིག་དང་།བཻ་ཌཱུརྱ་དང་།དུང་དང་།མན་ཤེལ་དང་།བྱི་རུ་དང་།ས་ལེ་སྦྲམ
325b5 དང་།དངུལ་དང་།རྟ་དང་།གླང་པོ་ཆེ་དང་།ཤིང་རྟ་དང་།དཔུང་བུ་ཆུང་དང་།གཞོན་པ་དང་།མཛོད་དང་།བང་མཛོད་ཐོབ་པ་གང་ཡིན་པ་འདི་དག་གིས་བདག་ཕྱུག་གོ་སྙམ་དུ་སེམས་སོ།།།
325b6 རྒྱལ་པོ་ཆེན་པོ་དེས་པ་ནི་སྦྱིན་པ་དང་།དུལ་བ་དང་།ལེགས་པར་སྡོམ་པ་དང་།བཟོད་པ་དང་།དེས་པ་དང་།ཚུལ་ཁྲིམས་དང་།བརྟུལ་ཞུགས་དང་།དཀའ་ཐུབ་དང་།བག་ཡོད་པ་དང་།
325b7 སྤངས་པའི་ཡོན་ཏན་དང་།ཡོ་བྱད་བསྙུངས་པ་ལ་གནས་པ་དང་།བྱེམས་པ་དང་།སྙིང་རྗེ་དང་།དགའ་བ་དང་།བཏང་སྙོམས་ལ་གནས་པ་དང་།སངས་རྒྱས་དང་།ཆོས་དང་།དགེ་འདུན
iiif viewer powered by OpenSeadragon
325a - 326a