| | e-texts navigator
|
321a1 རྨོངས་ཤིང་ཤིན་ཏུ་མོས་ལ་ཀུན་ཏུ་རྨོངས་པའོ།།འདོད་པ་ལ་བསྟན་པ་ནི་ཉེ་བར་གཟིར་ཅིང་རྣམ་པར་གཟིར་ལ་རབ་ཏུ་གཟིར་བའོ།།འདུད་པ་ལ་བསྟུན་པ་ནི་ཀུན་དུ་གདུངས་ཤིང་རྣམ་པར་གདུངས
321a2 ལྔ་ཡོངསུ་གདུངས་པའོ།།འདོད་པ་ལ་བསྟེན་པ་ནི་མི་དགེ་བའི་རྗེས་སུ་འཇུག་ཅིང་།དགེ་བ་ཡོངསུ་ཉམས་པར་བྱེད་པའོ།།འདོད་པ་ལ་བསྟེན་པ་ནི་མི་དགེ་བའི་རྩ་བ་བསྐྱེད་པའོ།།འདོད་པ་ལ་བསྟེན་པ་ནི
321a3 མི་དགེ་བའི་སྒྲོན་གྱི་དྲ་བས་ཀུན་ནས་ཁེབས་པའོ།།འདོད་པ་ལ་བསྟེན་པ་ནི་སྲིན་མོ་དང་འདྲིས་པར་བྱེད་པ་དང་།གཟུགས་མི་སྡུག་པ་དང་འདྲིས་པར་བྱེད་པ་དང་།ཤ་ཟ་མོ་དང་འདྲིས་པར་བྱེད་པའོ།།འདོད
321a4 པཱཔ་ལ་བསྟེན་པ་ནི་བ་གླང་དང་།བོང་བུ་དང་།ཁྱི་དང་།ཕག་དང་།རྔ་མོ་དང་།གླང་པོ་ཆེ་དང་།རྟ་དང་།ལུག་དང་།ཝཾ་ལ་བསྟེན་པའོ།།འདོད་པ་ལ་བསྟེན་པ་ནི་སྐྱེས་བུ་དམ་པ་མ་ཡིན་པ་ལ
321a5 བསྟེན་པའོ།།འདོད་པ་ལ་བསྟན་པ་ནི་ཚུལ་ཁྲིམས་དང་།ཐོས་པ་དང་།གཏོང་བ་ཡོངསུ་འདོར་བ་བསྟེན་པའོ།།འདོད་པ་ལ་བསྟེན་པ་ནི་བྲེརྟུལ་ཞུགས་དང་།དཀའ་ཐུབ་འདོར་བའོ།།འདོད
321a6 པ་ལ་བསྟེན་པ་ནི་ཤིན་ཏུ་བག་མེད་པའོ།།འདོད་པ་ལ་བསྟེན་པ་ནི་ཉོན་མོངས་པ་ཤིན་ཏུ་ཕལ་བར་བྱེད་པའོ།།འདོད་པ་ལ་བསྟེན་པ་ནི་ཤིན་ཏུ་བར་དུ་གཅོད་པར་བྱེད་པའོ།།དེ་ནས་དེའི་ཚེ་གྲོང
321a7 ཁྱེར་གྱི་དབུལ་པོ་དེས་པས་ཚིག་སུ་བཅད་པ་འདི་དག་སྨྲས་སོ།།འདོད་པ་མི་རྟག་རྟག་ཏུ་སྨད་པ་སྷོ།།ཤིན་ཏུ་སྡུག་བསྔལ་བདེ་བ་འཇིག་པར་བྱེད།།རྟག་ཏུ་ངན་སོངས་རྣམས་ཁྱིམ་དུ་གྱུར།
iiif viewer powered by OpenSeadragon
320b - 321b