e-texts navigator
Collection
Volume
Page
Wylie

319b1 ཟེར་དུ་མི་འདོད་དོ།།ཀྱེ་གྲོགས་པ་བརྫུན་དུ་སྨྲ་བ་ནི་བདག་ལ་ཡང་སླུ་ཞིང་ཕ་རོལ་ལ་ཡང་སླུ་ལ།འཕགས་པ་ལ་ཡང་སླུ་བ་ཡིན་ཏེ།གྲགས་པ་ཉམས་པར་བྱེད་པ་དང་།ཡིད་མི་ཆེས་པ་དང་ཡིད་དུ་མི་འོང་བ་དབྱེད
319b2 པ་དང་།བརྙས་པར་བྱེད་པ་དང་།སེམས་ཡོངསུ་བདུང་བར་བྱེད་པ་ཡིན་ནོ།།ཀྱེ་གྲོགས་པོ་བརྫུན་དུ་སྨྲ་བ་ནི་ཁ་མནམ་པར་བྱེད་པ་དང་།ལུས་སྨད་པོར་བྱེད་པ་དང་།ལྷའི་ཡིད་དུ་མི་འོང་བར་བྱེད་པ་ཡིན་ནོ།།
319b3 ཀྱེ་གྲོགས་པོ་བརྫུན་དུ་སྨྲ་བ་ནི་དགེ་བའི་རྩ་བ་རྣམས་ལ་རྐུ་བ་དང་།དྲན་པ་རྨུགས་པར་བྱེད་པ་དེས་མཐོ་རིས་ཀྱི་ལམ་ལ་སྒྲིབ་པ་སྨིན་ནོ།།ཀྱེ་གྲོགས་པོ་བརྫུན་དུ་སྨྲ་བ་ནི་འཕགས་པ་རྣམས་ཀྱིས་བཙུན
319b4 པར་མི་བྱ་བ་དང་།ཡང་དག་པར་སྨྲ་བ་རྣམས་ཀྱི་ནར་ཚིག་མི་མཛེས་པ་དང་།མཁས་པ་རྣམས་ཀྱིས་སྨད་པ་དང་།སྡིག་པ་ཐམས་ཅད་ཀྱི་རྩ་བ་དང་།བརྟུལ་ཞུགས་ཡོངས་སུ་སྤང་བའི་རྩ་བ་གཅོད་པ
319b5 དང་།ངན་འགྲོ་ཐམས་ཅད་ཀྱི་རྩེ་བར་གྱུར་པ་ཡིན་ནོ།།དེ་ནས་དེའི་ཚེ་གྲོང་ཁྱེར་གྱིས་དབུལ་པོ་དེས་པས་ཚིག་སུ་བཅད་པ་འདི་དག་སྨྲས་སོ།།བརྫུན་དུ་སྨྲ་བའི་ཁ་ནས་ནི།།རུལ་བའི་དྲི་ཡང་མནམ་པར
319b6 འགྱུར།།དགོན་པར་ཇི་ལྟར་བཅོམ་པ་བཞིན།།སྔོན་གྱི་དཀར་རྣམས་སྤོང་བར་བྱེད།།རྨོངས་པས་བདག་དང་ལྷ་རྣམས་དང་།།འཕགས་རྣམས་ཡིད་ཀྱང་འབྱུང་བར་བྱེད།།མི་ནི་གང་ཞིག་བརྫུན།།
319b7 ཟེར་བ།།དེ་ནི་རྟག་ཏུ་དོགས་པར་འགྱུར།།བརྫུན་དུ་སྨྲ་བ་བྱེད་པ་དེ།།སྡིག་པོ་ཀུན་གྱི་རྩ་བ་དང་།།དཀའ་ཐུབ་ཅན་གྱི་རྩ་གཅོད་དང་།།ངན་འགྲོར་འགྲོ་བ་ཞེས་ཀྱང་བྱ།།གལ་ཏེ་འཛམ་གླིང




iiif viewer powered by OpenSeadragon

319a - 320a

Texts on this page

N58 - 'phags pa nges pas zhus pa zhes bya ba theg pa chen po'i mdo